ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མང་ཚོགས་ཀྱིས་ཡིད་འཇོག་བྱེད་པར་དམིགས་ཏེ་གཞི་རྩའི་དམངས་ཚིས་འགན་སྲུང་བཟང་བོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་ལ་སྒོ་བསྟེན་སྨན་བཅོས་བྱས་པའི་འགྲོ་འོང་རྩིས་ཞུའི་སྲིད་ཇུས་གཏན་འཁེལ་བྱས་ཏེ་ནད་པ་དུང་ཕྱུར་མང་པོའི་འཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་ཐག་བཅད་པ། གསོ་བཅོས་ཟུང་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྔར་ལས་བཟང་བའི་སྒོ་ནས་ལོ་ལོན་རྣམས་ཀྱི་བདེ་ཐང་དང་རྒན་གསོའི་དགོས་མཁོ་ཡོངས་སུ་སྐོང་རྒྱུ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།