ལིས་ཀྲན་ཧྲུའུ་ཡིས་མོར་ཏའོ་ཝའི་གྲོས་དཔོན་ལ་མཇལ་འཕྲད་གནང་།

1124987964_15682045027911n.jpg

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོར་ཏའོ་ཝའི་གྲོས་དོན་ཀི་ལིའེ་ཆ་ནེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོར་ཏའོ་ཝའི་གྲོས་དོན་ཀི་ལིའེ་ཆ་ནེ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གྲོས་དཔོན་ཀི་ལིའེ་ཆ་ནེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཞུས་པ་དང་། མོར་ཏའོ་ཝ་ཡིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་ཡོད་པ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་རྒྱབ་སྐྱོར་བརྟན་པོ་བྱས་པར་བསྔགས་བརྗོད་བྱས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རླབས་ཆེན་གྱི་གྲུབ་འབྲས་བླངས་པ་དང་། དེ་རྩ་བའི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རག་ལས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མོར་ཏའོ་ཝའི་གྲོས་ཁང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྐྱོང་སྲིད་འཛིན་སོགས་ཕྱོགས་ནས་ཕན་ཚུན་ལ་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་དཔལ་འབྱོར་་ཉོ་ཚོང་མཉམ་ལས་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ས་གནས་དང་དམངས་ཁྲོད་ཀྱི་མཛའ་བརྩེའི་འགྲོ་འོང་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀི་ལིའེ་ཆ་ནེ་ཡིས་བཤད་རྒྱུར། མོར་ཏའོ་ཝ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ་དང་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་མཐུན་སྦྱོར་མཉམ་ལས་དམ་ཟབ་ཏུ་གཏོང་བ། ཁྲིམས་འཛུགས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་བརྩེའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཧི་མེན་ཅིན་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།