ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གཞུང་གིས་གསར་དུ་བདམས་པའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་སྐབས་ལྔ་བར་བསྐོས་པའི་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124987718_15682135355771n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་དབྱང་སྲིད་གཞུང་གིས་གསར་དུ་བདམས་པའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་སྐབས་ལྔ་བར་བསྐོས་པའི་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཧི་དབྱི་ཁྲིན་ཀྲུང་དབྱང་སྲིད་གཞུང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་སྐབས་ལྔ་བར་བསྐོས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཁྱོད་ཀྱིས་དུས་ཡུན་རིང་བོར་རྒྱལ་གཅེས་ཨོ་གཅེས་ཀྱི་ལངས་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཨོ་མིན་གྱི་སྤྱི་ཚོགས་ལ་ཞབས་ཞུ་བཟང་པོ་བསྒྲུབས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་ཨོ་མིན་གྱི་ཁྲིམས་འཛུགས་ཚོགས་པའི་ཀྲུའུ་ཞི་སོགས་ཀྱི་འགན་བཞེས་དུས་སུ་རང་ནུས་ཡོད་རྒུ་ཕུལ་ནས། རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་དང་། ཨོ་མིན་དར་རྒྱས་བརྟན་འཇགས་ཡོང་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཀྲུང་དབྱང་གིས་དོན་དེར་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད། ཐེངས་འདིའི་སྲིད་འཛིན་དཔོན་པོའི་འདེམས་བསྐོའི་ཁྲོད་དུ། ཁྱོད་རང་ལ་འདེམས་ཤོག་མང་ཞིང་མིང་ཐོའི་ཁྲོད་ཚུད་པ་དེས་ཨོ་མིན་སྤྱི་ཚོགས་ཀྱིས་ཁྱོད་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཨོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་ཉི་ཤུ་འགོར་བའི་ལོ་རེད། ལོ་ངོ་ཉི་ཤུའི་རིང་ལ། སྲིད་འཛིན་དཔོན་པོ་ཧི་ཧིག་ཧྭ་དང་ཚོས་ཧྲི་ཨན་སྲིད་འཛིན་དཔོན་པོ་གཉིས་ཀྱི་སྣེ་ཁྲིད་འོག་ཏུ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་མི་སྣ་ལ་མཐུན་སྒྲིལ་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཁ་ཕྱོགས་ལ་གོ་བ་ཡང་དག་བླངས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་ཤུགས་ལ་སྲུང་སྐྱོབ་བྱས་ནས། རྒྱལ་གཅེས་ཨོ་གཅེས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཛིན་དང་ཨོ་མིན་དཔལ་འབྱོར་མྱུར་དུ་འཕེལ་བར་སྐུལ་འདེད། དམངས་ཚིས་ལེགས་སྒྱུར་དང་སྤྱི་ཚོགས་བརྟན་འཇགས་འཆམ་མཐུན་གྱི་ཕྱོགས་སུ་ཡར་སྐུལ་བྱས་ནས། འཛམ་གླིང་ལ་ཨོ་མིན་ཁྱད་ཆོས་ཀྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་ལེན་ཡོད་པ་མངོན་པར་བསྟན་པ་མ་ཟད། དོན་དངོས་ཀྱི་སྟེང་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་སྒྲུབ་ཏུ་རུང་ཞིང་། སྒྲུབ་ནུས་པ། མི་རྣམས་ཀྱིས་དང་ལེན་བྱེད་པའི་ལམ་ལུགས་ཤིག་ཡིན་པ་བདེན་དཔང་བྱས་ཡོད།

ཧི་དབྱི་ཁྲུན་གྱིས་བཤད་རྒྱུར། ཀྲུང་དབྱང་སྲིད་གཞུང་གིས་ཁོ་རང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་སྐབས་ལྔ་བར་བསྐོ་འཇོག་བྱས་པར་སེམས་ཁོང་ནས་དགའ་ཚོར་ཆེན་པོ་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བྱེད་ཕྱོགས་ལག་བསྟར་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་ཤུགས་ལ་སྲུང་སྐྱོབ། ཀྲུང་དབྱང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་བར་གྱི་འབྲེལ་བ་ལེགས་པོར་སྲུང་སྐྱོབ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྐྱོང་དང་དོ་དམ་བྱེད་པའི་དབང་ཆར་སྲུང་སྐྱོབ། རྒྱལ་ཁབ་ཀྱི་གཙོ་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བཟང་པོ་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བྱེད་ཕྱོགས་དེ་ཨོ་མིན་ནས་ཡུན་རིང་བརྟན་འཇགས་ཀྱིས་ལག་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཧན་ཀྲིན་དང་། ཏིན་ཞའེ་ཞང་། དབྱང་ཅེ་ཁྲི། ཡུག་ཆོན། ཝང་དབྱི། ཀྲའོ་ཁི་ཀྲི་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།