ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཧི་པེ་ཞིང་ཆེན་གྱི་་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124988054_15682085522791n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཟླ་དགུ་བའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཧི་པེ་རུ་སོང་ནས་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་འགན་ལྕི་མོར་ཁ་གཏད་དེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་རྟོགས་སྒོས་ཏང་གི་ཐོག་མའི་བསམ་འདུན་འགན་འཁྲི་ལག་བསྟར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་ལེན་མཐར་ཕྱིན་བྱས་པ་དང་། འགན་ནུས་ནན་སྒྲུབ་དང་འགན་འཁྲི་ཕྲག་ཏུ་བླངས་ཤིང་ལྟ་སྐུལ་ཇེ་དྲག་ཏུ་བཏང་ལ། གནད་ལ་འཁེལ་བའི་སྒོ་ནས་ལྟ་སྐུལ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར་ལྟ་སྐུལ་ཞིབ་བཤེར་བཟང་བོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བར་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱས་ཟེར། 

1124988054_15682085522821n.jpg

ཀྲའོ་ལི་ཅི་ཞུང་ཨན་ཁུལ་གསར་འཆར་འགོད་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་ཧྲིལ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན། ཁོང་གིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་ཐད་ནས་སྲིད་གཙང་གི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། གོ་རིམ་ཧྲིལ་བོའི་ལྟ་སྐུལ་ལ་ཤུགས་སྣོན་པ། ལྟ་སྐུལ་རྣམ་པ་གསར་གཏོད་བྱེད་པ། སྲིད་གཙང་ཐད་ཀྱི་ཉེན་ཁ་ཚོད་འགོག་བྱས་ནས། ཉི་འོད་བཟོ་སྐྲུན་དང་སྲིད་གཙང་ཞུང་ཨན་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས། ཧྲི་ཅཱ་ཀྲོང་གྲོང་ཁྱེར་ལུའུ་ཆོན་ཁུལ་ཁྲིམས་འགལ་གཞིས་ཁང་འཛུགས་སྐྲུན་ཡུལ་དངོས་སུ། ཀྲའོ་ལི་ཅི་ཡིས་ཁྲིམས་འགལ་འཛུགས་སྐྲུན་ཐད་ཀྱི་ཞིབ་བཤེར་འགན་འཁྲི་གནད་དོན་དང་རུལ་སུངས་གནད་དོན། སྤྱོད་ཚུལ་གནད་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་། བཅོས་སྐྱོང་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ། དེ་དང་མཉམ་དུ་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ་དང་། གྱོད་གཞི་དཔེ་རུ་བྱས་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

ཀྲའོ་ལི་ཅི་ཡིས་ད་དུང་ཧི་པེ་ཞིང་ཆེན་དང་ཆུའུ་དབྱང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་མཛད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།