ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124988091_15682108582101n.jpg

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་འབྲེལ་བ་ནི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བའི་དཔེ་སྟོན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་མཉམ་སྐྲུན་བྱེད་པ་དང་འོད་ཟེར་བགྲོད་ལམ་གྱི་དཔལ་འབྱོར་སྲིད་ཇུས་གསར་བ་འབྲེལ་མཐུད་བྱེད་རྒྱུ་དངོས་འབེབས་གང་ལེགས་བྱེད་པ། མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་ཞིང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྐམ་ས་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་ཤར་གཏོང་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་མཐོར་རིམ་འཕར་ལ་སྐུལ་འདེད་གཏོང་བ། ཐོན་ནུས་མཉམ་ལས་རྒྱ་བསྐྱེད་ཅིང་ཚན་རྩལ་གསར་སྐྲུན་མཉམ་ལས་ཇེ་མང་དུ་གཏོང་བ། མི་གཞུང་བརྗེ་རེས་དང་ས་གནས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་གསལ་བོ་བྱས་ཏེ། སྔར་ལས་འདྲ་མཉམ་དང་དྲང་བཞག ལུགས་མཐུན་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

1124988091_15682108582121n.jpg

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་དང་གྲོས་མོལ་མཛད།

ཐོ་ཁ་དབྱི་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོ་གསར་བ་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་འཕེལ་རིམ་བརྒྱུད་དེ་འོད་སྟོང་འབར་བའི་འཕེལ་རྒྱས་གྲུབ་འབྲས་བླངས་ནས་ཀྲུང་གོ་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད་པ་དང་། འཛམ་གླིང་གི་འཕེལ་རྒྱས་དང་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡུན་རིང་ལ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བཟུང་ནས་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།