ཀྲུང་གོ་བོད་ཀྱི་དྲ་བ།

ཕུགས་འདུན་མངོན་འགྱུར་བྱེད་མཁན་ལ་གུས་འདུད་ཞུ།——ཞི་ཅིན་ཕིང་གིས་དགེ་རྒན་སྐོར་གླེང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ལྷག་བསམ་གྱི་ཁ་ཏ་སློབ་གསོ་བྱས། དགེ་རྒན་གྱི་བཀའ་དྲིན་བརྗེད་པར་དཀའ། 

གནའ་ནས་ད་བར། དགེ་རྒན་ལ་བརྩི་བཀུར་ཞུ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རབས་རེ་རེ་བཞིན་རྒྱུན་འཛིན་བྱས་པའི་སྤྱོད་བཟང་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔེ་སྟོན་འགོ་ཁྲིད་ནས། སློབ་རའི་ནང་ཕེབས་ཏེ། དགེ་རྒན་ཚོའི་རེ་འདུན་ལ་གསན་འཇོག་གནང་བ་དང་། གཏིང་ཟབ་པོའི་ངང་སློབ་གསོ་སྒྱུར་བཅོས་ཀྱི་མྱོང་བ་ཞིབ་འགྲེལ་གནང་སྟེ། སློབ་གསོ་ནི་དམིགས་སུ་བཀར་ནས་དར་སྤེལ་གཏོང་བའི་གོ་གནས་གལ་ཆེན་ཞིག་ཏུ་བཞག་པ་རེད། 

དེང་གི་སློབ་མ་ཚོ་ནི་མ་འོངས་པའི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་མཁན་གྱི་སྟོབས་ཤུགས་གཙོ་བོ་ཡིན་ཞིང་། རྒྱ་ཆེའི་དགེ་རྒན་རྣམ་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་‘ཕུགས་འདུན་འཆང་མཁན་དཔུང་ཁག་’མངོན་འགྱུར་བྱེད་མཁན་དེ་ཡིན།”འདས་ཟིན་གྱི་ལོ་ཟླའི་ནང་གི་དགེ་རྒན་ལ་གུས་འདུད་ཞུས་པ་དང་། དགེ་རྒན་ལས་རིགས་ལ་ཐུགས་ཁུར་རྒྱ་ཆེན་གནང་བ་ལས། ཞི་ཅིན་ཕིང་གི་རྒྱལ་ཁབ་ཆེན་པོའི་སློབ་གསོའི་ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་གནང་བ་མཚོན་ཡོད། ལོ་གཅིག་དུས་གཅིག་གི་དགེ་རྒན་གྱི་དུས་ཆེན་སླར་ཡང་སླེབས་པ་དང་། ང་ཚོས་ཞི་ཅིན་ཕིང་གིས་དགེ་རྒན་ལ་བརྩི་བཀུར་ཞུས་པའི་འདས་དོན་ལ་མཉམ་དུ་བསྐྱར་དྲན་ཐེངས་ཤིག་བྱེད། 

གུས་བཀུར། རང་ལ་སློབ་གསོ་གནང་བའི་བཀའ་དྲིན་དྲན། རྒན་ལ་གུས་འདུད་ཞུ་བའི་སྤྱོད་བཟང་སྤེལ། 

1985ལོའི་སྟོན་ཁར། དགུང་ལོ་12ལ་སླེབས་པའི་ཞི་ཅིན་ཕིང་ནི་པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་སློབ་འབྲིང་ལ་ཞུགས་ཡོད། སྐབས་དེར་སྐད་ཡིག་དགེ་རྒན་ཁྲེང་ཆིའུ་ཡིང་གིས་དུས་རྟག་ཏུ་ཏུའུ་ཧྥུུའུ་ཡི་སྙན་ངག་སློབ་ཁྲིད་བྱས།

སློབ་ཚན་གྲོལ་རྗེས། ཞི་ཅིན་ཕིང་གིས་རང་འགུལ་གྱིས་ཁྲེང་ཆིའུ་ཡིང་དང་གླེང་མོལ་བྱས་ཏེ། སྙན་ངག་པ་ཆེན་པོ་ཏུའུ་ཧྥུའུ་ལ་ཧ་ཅང་དགའ་བོ་ཡོད་པས། ཁོང་གི་བརྩམས་ཆོས་མང་པོ་ཞིག་བཀླག་འདོད་ཡོད་པ་བརྗོད། 

འབད་པ་ཆེ་ལ་བསམ་བློ་གཏོང་བར་དགའ་བ་དང་། ཁོག་རྒྱ་ཡངས་ཤིང་བབ་ཆགས་པ་ནི་ཁྲེང་ཆིའུ་ཡིང་ལ་གཞོན་ནུ་ཞི་ཅིན་ཕིང་གིས་བག་ཆགས་ཟབ་མོ་ཞིག་བཞག་པ་དེ་རེད། 

 སློབ་མཐར་ཕྱིན་ནས་ལོ་ངོ་ལྔ་བཅུ་ལྷག་སོང་ན་ཡང་། ལོ་ཟླའི་འགྲུལ་བཞུད་ཁྲོད་དགེ་སློབ་ཀྱི་འབྲེལ་བ་ཆད་མྱོང་མེད། ཞི་ཅིན་ཕིང་གིས་ཡུལ་གཞན་དུ་ལས་ཀ་སྒྲུབ་དུས། པེ་ཅིང་དུ་ཚོགས་འདུ་ཡོང་ཐེངས་ཀུན་ལ་ཁོང་གིས་བར་གསེང་འཚོལ་ནས་སློབ་ཁྲིད་བྱས་མྱོང་མཁན་དགེ་རྒན་རྣམས་ལ་འཚམས་འདྲི་གནང་སྲོལ་ཡོད། ཁྲེང་ཆིའུ་ཡིང་གིས་རང་ཉིད་ཀྱིས་གསར་དུ་པར་བསྐྲུན་བྱས་པའི་བྱིས་སྒྲུང་བརྩམས་ཆོས་ཞི་ཅིན་ཕིང་ལ་ཕུལ་དུས། ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ་གནང་བཞིན་པའི་སྐབས་ཡིན་ལ། ཁོང་གི་ལས་བྲེལ་ཆེ་ན་ཡང་དགེ་རྒན་ལ་དངོས་སུ་འཕྲིན་ལན་བསྐུར་བ་རེད། 

“ཁྱེད་ཀྱིས་བྱིས་པའི་རྩོམ་རིག་བརྩམས་ཆོས་བསྐུར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དགེ་རྒན་ཁྱེད་ལས་འཁྱུར་ངལ་གསོ་བྱས་རྗེས་སུ་སྔར་བཞིན་ལས་ལ་འབད་བརྩོན་བྱས་པར་སྙིང་ཐག་པ་ནས་གུས་འདུད་ཞུ། ”

“དགེ་རྒན་ལ་བརྩི་བཀུར་ཞུ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་ཞིག་རེད། མའོ་ཀྲུུའུ་ཞི་ཡིས་བགྲེས་སོང་ཞུའུ་ཐེ་ལི་ལ་གསུངས་པ་བཞིན། ཁྱེད་རང་སྔོན་ཆད་ངའི་དགེ་རྒན་ཡིན་ལ། ད་ལྟའང་སྔར་བཞིན་ངའི་དགེ་རྒན་ཡིན་པ་དང་། མ་འོངས་པ་ལའང་ངའི་དགེ་རྒན་ཡིན། དགེ་རྒན་གྱི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད། ”

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།