ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་སྔོན་ཐོན་གསར་བཟོ་ལས་རིགས་དང་དེང་རབས་ཞབས་ཕྱི་ལས་རིགས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་འཕེལ་རྒྱས་ཁོར་ཡུག་གསར་སྐྲུན་བཟང་བོ་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར། ཉོ་ཚོང་བརྗེ་རེས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར། ཞིང་ཐོན་དངོས་རྫས་གཙོ་བོའི་འགན་སྲུང་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། འགྱིག་ཤོག་བཙོག་བཟོ་འགོག་བཅོས་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། ང་ཚོས་གཙོ་བོ་སྒྲིག་སྲོལ་རང་བཞིན་གྱི་རིམ་པ་མང་པོའི་འགལ་རྐྱེན་ཐག་བཅད་དེ་སྒྲིག་སྲོལ་བཅོས་སྒྱུར་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་བྱས་པ་དང་། ནུས་ལྡན་སྒོས་སྒྲིག་གཞི་རང་བཞིན་གྱི་འགལ་བ་སྐོར་ཞིག་ཐག་བཅད་ཅིང་ཁྱབ་ཁོངས་མང་པོ་ནས་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་དང་གོ་རིམ་རང་བཞིན་གྱི་བསྐྱར་བཟོ། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་མངོན་འགྱུར་བྱས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་གཏན་འཁེལ་བྱས་པའི་བཅོས་སྒྱུར་གལ་ཆེན་རབ་དང་རིམ་པར་ནན་ཏན་སྒོས་གསེད་བཀྲོལ་བྱེད་པ་དང་། ལམ་ལུགས་བཅོས་སྒྱུར་དང་ལམ་ལུགས་འཁོར་སྐྱོད་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ལ། རིམ་མཐོའི་ཇུས་འགོད་དང་རིམ་པ་མང་པོ་འབྲེལ་མཐུད་བྱེད་པའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། གོང་འོག་དང་གཡས་གཡོན། ཕྱོགས་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པ། བཅོས་སྒྱུར་སྣ་ཚོགས་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པར་ཡིད་འཇོག་བྱས་ཏེ། བཅོས་སྒྱུར་སྣ་ཚོགས་ཐད་ནས་ཁེ་ཕན་གང་ལེགས་ཐོབ་པར་བྱེད་པ་དང་ལམ་ལུགས་ཁྱད་སྟོབས་དེ་བཅོས་སྐྱོང་ཕན་ནུས་སུ་སྒྱུར་དགོས་ཟེར།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།