ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་དཔར་ནས་བཀྲམ་པ་མ་ཟད་བརྡ་སྦྱོར་སྤེལ་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་རྒྱུའི་རེ་བ་བཏོན།

བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། ཐེངས་འདིར་བཟོ་བཅོས་བྱས་པའི་སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གོ་གནས་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་དེ་རྩ་བའི་རྩ་དོན་དང་ལས་འགན་གལ་ཆེན་དུ་བརྩི་བ། ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལ་དམིགས་པ། གཟབ་ནན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལག་ལེན་ཁྲོད་རྙེད་པའི་འགན་འཁྲི་རྩད་གཅོད་བྱེད་ཤུགས་མི་འདང་བ་དང་སྟབས་བདེ་ཅན་དུ་བསྒྱུར་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། ཏང་གི་འགན་འཁྲི་རྩད་གཅོད་བྱ་བའི་ཐད་ཀྱི་ཆབ་སྲིད་རང་བཞིན་དང་གནད་འཁེལ་རང་བཞིན། ཕན་འབྲས་རང་བཞིན་མཐོར་འདེགས་གཏོང་དགོས་ཟེར།

སྲོལ་ཡིག་ལས་བསྟན་དོན། ཏང་གི་འགན་འཁྲི་རྩད་གཅོད་བྱ་བའི་ཐད་ནས་གཤམ་གྱི་རྩ་དོན་འགའ་རྒྱུན་འཁྱོངས་བྱེད་དགོས།

གཅིག་ནས་ཁྲིམས་སྲོལ་ལྟར་དངོས་ཐོག་བདེན་འཚོལ་བྱེད་པ། གཉིས་ནས་འགན་འཛོལ་བྱུང་ཚེ་ངེས་པར་དུ་རྩད་གཅོད་ནན་མོ་བྱེད་པ་དང་རྩད་གཅོད་ནན་མོ་བྱེད་པ། གསུམ་ནས་འགན་དབང་གཅིག་མཐུན་དང་། ནོར་འཁྲུལ་དང་འགན་འཁྲི་གཅིག་འདྲ་བྱེད་པ། བཞི་ནས་དོ་དམ་ནན་མོ་དང་གཅེས་སྤྲས་བཟང་བོ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། སྐུལ་སློང་གཏོང་བ་དང་ཚོད་འཛིན་བྱེད་པ་གཉིས་ལ་མཐོང་ཆེན་བྱེད་པ། ལྔ་ནས་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱེད་པ། དྲུག་ནས་ཐུན་མོང་གིས་ཐག་གཅོད་པ་དང་འགན་འཁྲི་བགོ་བཤའ་གསལ་བོ་བྱེད་པ་བཅས་བྱེད་དགོས།

སྲོག་ཡིག་གིས་འགན་འཁྲི་རྩད་གཅོག་བྱེད་ཡུལ་ནི་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པ་ཡིན་དགོས་ལ། གཙོ་གནད་ནི་ཏང་ཨུ་དང་ཏང་གི་བྱ་བའི་ལས་ཁུངས་དང་ལས་ཁུངས་ཀྱི་འགོ་ཁྲིད་ཁོངས་མི། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མངག་བཏང་ལས་ཁུངས་དང་ལས་ཁུངས་དེའི་འགོ་ཁྲིད་ཁོངས་མི་ཡིན་དགོས་ཞེས་གཏན་ཁེལ་བྱས་ཡོད།

སྲོལ་ཡིག་ནང་ནན་གྱིས་བསྟན་དོན། འགན་འཁྲི་རྩད་གཅོད་བྱེད་ན་ངེས་པར་དུ་འགན་འཁྲི་བགོ་བཤའ་གསལ་བོ་བྱེད་དགོས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་ནང་ཁྱོན་ཡོངས་ནས་འགོ་ཁྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འགོ་ཁྲིད་ཚན་ཁག་གི་འགོ་ཁྲིད་མི་སྣ་གཙོ་བོ་དང་ཆེད་བསྐོས་ཚན་ཁག་གི་ཁོངས་མིས་འགན་འཁྲིའི་ཁྱབ་ཁོངས་ནང་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་དགོས་ལ། ཇུས་ཆོད་དང་བྱ་བའི་ཁྲོད་ཞུགས་པའི་ཚན་ཁག་ཁོངས་མིས་འགན་འཁྲིའི་ཁྱབ་ཁོངས་ནང་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས་ཟེར།

སྲོལ་ཡིག་དེ2019ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་བཟུང་ལག་བསྟར་བྱེད་མགོ་བརྩམས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།