ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཞི་བ་བསྡུས་པར་རྟེན་འབྲེལ་ཞུ་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཞི་བ་ཟླ་དགུ་པའི་ཚེས་ལྔ་ཉིན་ཉིན་ཞ་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཏེ། ཐེངས་འདིའི་ཚོགས་འདུ་བསྡུས་པར་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་རང་སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། ལག་གདང་མཉམ་འབྲེལ་བྱས་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ་བདུན་པའི་ནང་དུ་བདག་གིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་། ཁྱོན་ཡོངས་འཕེལ་རྒྱས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། མ་འོངས་པར་ཁ་ཕྱོགས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འཐས་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུས་ཕྱོགས་གཉིས་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་ཀྱི་སྟེགས་བུ་གསར་བ་ཞིག་མཉམ་བསྐྲུན་བྱེད་པར་ཡར་སྐུལ་བཏང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་ཚོགས་བརྒྱུད་ནས་གོ་སྐབས་དམ་འཛིན་བྱེད་པ་དང་བགྲོད་ལམ་རྒྱ་སྐྱེད་པ། སྦས་ཤུགས་སྔོག་འདོན་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་པར་རེ་བ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།