ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

1124961454_15676060967331n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། ཧི་དབྱི་ཁྲིན་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བར་བསྐོ་འཇོག་བྱེད་པ་དང་། 2019ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་འགན་བཞེས་བྱེད་རྒྱུ་ཐག་བཅད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་བཞི་ཉིན་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། ཧི་དབྱི་ཁྲིན་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བར་བསྐོ་འཇོག་བྱེད་པ་དང་། 2019ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་འགན་བཞེས་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཧི་དབྱི་ཁྲིན་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བར་འདེམ་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཞོ་མེན་གྱིས་ཕུལ་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་བདམས་ཐོན་གོ་རིམ་སྐོར་གྱི་སྙན་ཞུ་ལ་ཉན།

ལིས་ཁི་ཆང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བཤད་རྒྱུར། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བ་འདེམ་བསྐོ་དེ་ཁྲིམས་ལྟར་སྤེལ་བ་ཡིན་ལ། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མཐུན་པ་དང་། ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་གི་རྩ་དོན་མངོན་པར་བྱས་ཡོད། སྐུ་ཞབས་ཧི་དབྱི་ཁྲིན་ལ་འདེམ་ཤོག་མང་པོ་ཐོབ་ནས་བདམ་ཐོན་བྱུང་བ་དང་། དེས་ཨོ་མིན་སྤྱི་ཚོགས་ལས་རིགས་ཀྱིས་སྐུ་ཞབས་ཧི་དབྱི་ཁྲིན་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་ཀྱིན་པ་མཚོན་ཐུབ་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ད་ལོ་ནི་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་ཉི་ཤུ་ལོན་པའི་ལོ་ཡིན་ལ། ལོ་ངོ་ཉི་ཤུའི་རིང་། ཀྲུང་དབྱང་སྲིད་གཞུང་དང་ནང་ལོགས་ཀྱིས་རྒྱབ་སྐྱོར་ཆེན་པོའི་འོག ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱས་པ་དང་། ཨོ་མིན་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ལ། སྤྱི་ཚོགས་ལས་དོན་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ་དང་། མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཨོ་མིན་ནས་ལག་བསྟར་བྱས་ནས་ལེགས་འགྲུབ་བྱུང་བ་མ་ཟད། ཁྱད་ཆོས་དང་གྲུབ་འབྲས་མང་པོ་མི་དམན་བླངས། ཨོ་མིན་གྱི་འཕེལ་རྒྱས་དང་མེས་རྒྱལ་ནང་ལོགས་ཀྱི་འཕེལ་རྒྱས་ཕན་ཚུན་འབྲེལ་མཐུད་བྱས་ཡོད་ལ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་ཁུགས་ཁུལ་ཆེན་པོའི་འཛུགས་སྐྲུན་སོགས་ཀྱིས་ཨོ་མིན་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱས། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཨོ་མིན་གྱིས་མིས་ཨོ་མིན་བཅོས་སྐྱོང་བྱེད་པ། རང་སྐྱོང་མཐོན་པོའི་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབ་ནས། སྟོབས་ཤུགས་ཡོད་རྒུས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་པོས་ཁྲིམས་ལྟར་སྲིད་སྐྱོང་བ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་བསྒྱུར་བྱེད་པ། འཆམ་མཐུན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སྐུ་ཞབས་ཧི་དབྱི་ཁྲིན་གྱིས་སྲིད་འཛིན་དཔོན་པོའི་འགན་བཞེས་རྗེས། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་བའི་སྲིད་གཞུང་དང་ཨོ་མིན་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱུན་མ་ཆད་པར་ཨོ་མིན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཐད་ཀྱི་ལེའུ་གསར་བ་འབྲི་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་སུན་ཁྲུན་ལན། ལིག་ཧི། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་ཞོ་ཅེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཁོངས་མི་གཞན་པ་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།