ཝང་དབྱང་གིས་ཁྲའོ་ཞན་དང་ཡའོ་ནན། ལའོ་ཝའོ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

1124961257_15676022772621n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཞི་ཉིན་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་ནས། སེམས་ཤུགས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་ཞེས་པའི་ཀྲུང་གོ་དང་ཁྲའོ་ཞན། ཡའོ་ནན། ལའོ་ཝའོ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཆེད་དོན་གྲོས་སྡུར་གྲོས་ཚོགས་ལ་ཞུགས་པའི་ཕྱི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོས་ཁྲའོ་ཞན་དང་ཡའོ་ནན། ལའོ་ཝའོ་བཅས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དང་སྔོན་རབས་འགོ་ཁྲིད་རྒན་པའི་ཐུན་མོང་འདུ་ཤེས་ཡིད་ཆེས་སྙིང་ལ་བཅངས་ནས། སྲོལ་རྒྱུན་མཛའ་འབྲེལ་ལ་གཅེས་སྐྱོང་གནང་བ་ནི་ང་ཚོ་ཐུན་མོང་གི་གཅེས་ནོར་ཡིན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོའང་ཡིན་པས། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁྲའོ་ཞན་དང་ཡའོ་ནན། ལའོ་ཝའོ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་དང་ལྷན་དུ། མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་སྔར་མེད་འཕེལ་རྒྱས་འབྱུང་བར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

ཁྲའོ་ཞན་དང་ཡའོ་ནན།ལའོ་ཝའོ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་འཐུབ་ཚབ་ཚོགས་པའི་ཚོགས་གཙོ་དབྱང་ཀྲི་ཧྲི་དང་ཡོན་ཡིག་ཡུང་། ཁུན་པེ་བཅས་ཀྱིས་ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་བརྒྱུད་དེ། རྒྱལ་ཁབ་སོ་སོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞ་པའོ་ལུང་ཐེངས་འདིའི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།