ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཞི་ཉིན་གྱི་སྔ་དྲོར། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས། ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་སྒྲོག་འགྲེལ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ལ་བཅངས་པའི་རེ་བ་དང་མངག་བཅོལ་མཚོན་ཡོད་པས། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། བདེན་འཛིན་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྒྱུད་སྒྲོག་སྔར་ལས་གཏིང་ཟབ་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་གཏམ་རྒྱུད་བཤད་པ་དང་བརྗེ་རེས་དཔེ་ལྟ་ལ་སྐུལ་འདེད་གཏོང་བ་དང་། དམངས་སེམས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་དགོས་ཟེར།

ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ཡི་འགན་ཁུར་མི་སྣ་དང་ཆེད་མཁས་པ། ན་གཞོན་ལས་བཟོ་བ། ཕྱི་རྒྱལ་གྱི་ལས་བཟོ་བའི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།