ཝང་དབྱང་ཧུའུ་པེ་ནས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒྲོག་འགྲེལ་བྱ་འགུལ་ལ་ཞུགས།

1124960637_15675861640541n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེལ་བྱ་འགུལ་ཧུའུ་པེ་ཝུའུ་ཧྭན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བྱ་འགུལ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེལ་བྱ་འགུལ་ཟླ་དགུ་བའི་ཚེས་གསུམ་ཉིན་ཧུའུ་པེ་ཝུའུ་ཧྭན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བྱ་འགུལ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཨུ་ཡོན་སྒྲོག་འགྲེལ་ཚོགས་པའི་ལམ་ལུགས་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསར་གཏོད་འཚོལ་ཞིབ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པའི་སྟེགས་བུ་གལ་ཆེན་ཡིན། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་མཐུད་འབད་འཐབ་བྱས་ནས། ཐུན་མོང་གི་ལྟ་བ་གཅིག་བསྡུ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པ་དང་ཉམས་མྱོང་སྔར་ལས་མང་པོ་བསྐྲུན་དགོས་ཟེར།

ཐེངས་འདིའི་སྒྲོག་འགྲེལ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་གྲས་ཀྱི་གཅིག་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དབྱིན་ཞོ་ཕེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ལག་བསྟར་གྱི་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་མ་ཟད། ཉན་མཁན་རྣམས་དང་བརྗེ་རེས་བྱས།

ཝང་དབྱང་གིས་སྒྲོག་འགྲེལ་བྱ་འགུལ་མཇུག་རྫོགས་སྐབས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡང་ཡིན། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ནས། ཉམས་མྱོང་སྤྱི་སྡོམ་ནན་མོ་བྱེད་པ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པ། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས། རྒྱུན་མ་ཆད་པར་རང་རྒྱལ་གྱི་རིགས་གསར་བའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། འཐུས་ཚང་དུ་གཏོང་བ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་ཟེར།

1124960637_15675865890831n.jpg

ཝང་དབྱང་གིས་ཨུ་ཡོན་སྒྲོག་འགྲེལ་ཚོགས་པ་ལམ་ལུགས་བཙུགས་པའི་ལོ་འཁོར་གཅིག་རིང་གི་འཚོལ་ཞིབ་ལག་ལེན་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། སྒྲོག་འགྲེལ་བྱ་འགུལ་ཐད་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་དང་དམ་དུ་སྦྲེལ་བ་དང་། སྲིད་གྲོས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། སྒྲོག་འགྲེལ་གྱི་བརྗོད་སྙིང་ལེགས་འདེམས་བྱེད་པ། སྒྲོག་འགྲེལ་ཁྱབ་ཁོངས་རྒྱ་སྐྱེད་པས། སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་དང་གཟེངས་བསྟོད་ཐོབ་པ་དང་། ཚོང་རྟགས་ཀྱི་ཕན་འབྲས་རྒྱུན་མ་ཆད་པར་མངོན་ལ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་རྩོལ་ནུས་སྔར་ལས་ཇེ་མཐོར་སོང་། ལག་ལེན་ལས་འཚོལ་ཞིབ་ལ་གྲུབ་འབྲས་ཆེན་པོ་ལྡན་པས། རྒྱུན་འཁྱོངས་ལྷོད་མེད་སྒོས་འཚོལ་ཞིབ་བྱེད་པ་དང་། རྒྱུན་འཁྱོངས་ཁྲོད་འཐུས་ཚང་དུ་བཏང་བ་དང་། འཐུས་ཚང་ཁྲོད་མཐོར་འདེགས་གཏོང་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་སླེབས་པ་དང་། མི་དམངས་སྲིད་གྲོས་ཀྱིས་མི་སེམས་གཅིག་ཏུ་བསྡུ་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ལས་འགན་སྔར་ལས་ལྕི་ལ། ཨུ་ཡོན་སྒྲོག་འགྲེལ་ཚོགས་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་ཐད་ནས་སྔར་ལས་མཐོ་བའི་རེ་བ་གསར་བ་བཏོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། དར་ཆ་མཐོན་པོར་བསྒྲེང་ནས་ཆབ་སྲིད་གླེང་བའི་རེ་བ་སྒྲོག་འགྲེལ་བྱ་འགུལ་ཁྲོད་ལག་བསྟར་བྱེད་པ། ཁྲིད་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་གྲོས་ཀྱི་འཇོན་མི་མང་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཨུ་ཡོན་རང་སྟེང་གི་ཤན་ཤུགས་དང་ལམ་ལུགས་རྐྱེན་སྲོལ་གྱིས་བསྩལ་བའི་གཏམ་བཤད་དབང་ཆ་བཀོལ་སྤྱོད་བྱེད་པ། ཀྲུང་གོའི་གཏམ་རྒྱུད་བཤད་པ་དང་། སྲིད་གྲོས་ཀྱི་གཏམ་རྒྱུད་དང་ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད་བཤད་དེ། འགུལ་སྐྱོད་དངོས་ལ་བརྟེན་ནས་འགན་འཁྲི་ཨུ་ཡོན་གྱི་རེ་བ་ལག་བསྟར་བྱེད་དགོས། སྤུས་ཚད་དང་གྲུབ་འབྲས་བརྩོན་ལེན་བྱེད་པ་དང་། སྒྲོག་འགྲེལ་ཆོས་ཉིད་འཚོལ་ཞིབ་བྱེད་པ། སྒྲོག་འགྲེལ་གྱི་རྣམ་པ་འཐུས་ཚང་དུ་བཏང་སྟེ། སྒྲོག་འགྲེལ་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།