ཀྲུང་གོ་བོད་ཀྱི་དྲ་བ།

གླིང་སྒྲུང་པོད300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས་འཚོག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

图片 1.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས5ཉིན།《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པོད300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དེ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས་འཚོག་རྒྱུ་རེད།

༣༣.png

གླིང་སྒྲུང་ནི་བོད་རིགས་མི་དམངས་ཀྱིས་ཐུན་མོང་གིས་གསར་གཏོད་མཛད་པའི་རླབས་ཆེན་གྱི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་སྟེ། དཔེ་མཚོན་ཅན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཤིག་ཡིན་པས། དུས་ད་ལྟའང་བོད་རིགས་མང་ཚོགས་ཁྲོད་དར་ཁྱབ་ཆེན་པོ་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་གེ་སར་རིག་གནས་བྱ་གཞག་ལ་ཐུགས་ཁུར་རྒྱ་ཆེན་པོ་མཛད་ཅིང་། ཕུན་སུམ་ཚོགས་པའི་རྒྱུ་ཆ་གསོག་ཉར་བྱས། བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་དཔེ་སྐྲུན་བྱས་པ་ལས་ཕུན་སུམ་ཚོགས་པའི་གྲུབ་འབྲས་འདི་དག་གཅིག་བསྡུས་སྒོས་མཚོན་པར་བྱས་ཡོད་པ་དང་། འཛམ་གླིང་ལོ་རྒྱུས་སྙན་ངག་གི་རིག་གནས་མངའ་ཁོངས་རྩ་བ་ཉིད་ནས་འགྱུར་ལྡོག་བཏང་བ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་དཔེ་སྐྲུན་བྱས་པའི་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་ནི་ལོ་རྒྱུས་ཐོག་ཆེས་འཐུས་ཚང་བའི་སྒོས་འཚོལ་སྡུད་དང་དཔེ་སྒྲིག དཔེ་སྐྲུན་བྱས་པའི་གླིང་སྒྲུང་གི་རིག་གནས་རྣམ་གྲངས་ཤིག་སྟེ། བསྡོམས་པས་ཡིག་གྲངས་དུང་ཕྱུར་1.3དང་པོད་300ཅན་གྱི་སྤུས་ལེགས་དཔེ་ཚོགས་ཤིག་དང་། ད་ལྟའི་བར་དུ་ཆེས་ཆ་ཚང་བའི་གླིང་སྒྲུང་གི་བོད་ཡིག་རིག་མཛོད་གཅིག་པུ་དེ་ཡིན། གླིང་སྒྲུང་ཀུན་འདུས་ཆེན་མོ་ཞེས་པ་འདི་ཉིད་ལས་གླིང་སྒྲུང་སྐོར་གྱི་ལག་བྲིས་སྣ་རིང་དང་། ཤིང་དཔར་སྣ་རིང་། གནའ་བོའི་ལྕགས་པར་མ། དེ་བཞིན་ཉེ་བའི་དུས་ཀྱི་བབ་སྒྲུང་གི་པར་གཞི་གསར་པ་སོགས་འདུས་པས། གེ་སར་སྒྲུང་ནི་གསར་རྩོམ་རྒྱུན་མ་ཆད་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ཞེས་པར་དངོས་དོན་ངོ་མའི་ཐོག་ནས་ར་སྤྲོད་བྱས་ཡོད།

པོད300ཅན་གྱི་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་ནང་དོན་ཕུན་སུམ་ཚོགས་པར་མ་ཟད་དཔར་འདེབས་དེབ་སྦྱོར་བཟོ་སྤུས་ཀྱང་ཤིན་ཏུ་ལེགས། གསར་འགོད་པས་ཤེས་གསལ་ལྟར་ན། ཐེངས་འདིའི་ཚོགས་འདུ་རུ་ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། འབུམ་རམས་པ་སྲི་ཐར་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དོན་འགྲུབ་དབང་འབུམ། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་མའི་སྤྱི་ཁྱབ་ལས་འཛིན་གཞོན་པ་དང་ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོ་སོགས་འགོ་ཁྲིད་དང་གེ་སར་ཆེད་མཁས་པ་ལྔ་བཅུ་ལྷག་གདན་ཞུས་བྱས་ཡོད། 

༤༤.png

ཤེས་གསལ་ལྟར་ན། ཐེངས་འདིའི་བཞུགས་མོལ་ཚོགས་འདུར་གངས་ཅན་རིག་མཛོད་འཕྲིན་སྟེགས་དང་གངས་ལྗོངས་ཉི་གཞོན་འཕྲིན་སྟེགས་སོགས་བརྒྱུད་ནས་དྲ་ལམ་དུ་ཐད་གཏོང་བྱ་རྒྱུ་ཡིན་ལ། ཐད་གཏོང་དུས་ཚོད་ནི2019ལོའི་ཟླ9པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད9:00པའི་ཐོག་ཡིན་པ་རེད། ཐད་གཏོང་སྦྲེལ་ཐག http://mudu.tv/watch/3709931ཡིན།

༢༢.png


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།