ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཧི་ཡིས་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་གྲོས་ཞུགས་དཔོན་པོ་ཏེ་ཨིན་སི་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ཡིས་ཚེས་གསུམ་ཉིན་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཨ་མེ་རི་ཁ་དང་ཀྲུང་གོའི་བྱ་བའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞི། གྲོས་ཞུགས་དཔོན་པོ་ཏེ་ཨིན་སི་དང་ཕོ་ཏུའུ་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ལིག་ཧི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་འཛམ་གླིང་གི་གཏན་འཇགས་དང་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉོ་ཚོང་འགལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཉོ་ཚོང་འགལ་བ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་ཁེ་ཕན་དང་མི་མཐུན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ཁེ་ཕན་ལའང་ཕན་ཐོག་མེད་པ་ཞིག་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། འདྲ་མཉམ་དང་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་འགལ་བ་སྣ་ཚོགས་ཐག་གཅོད་ལེགས་པོ་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

ཏེ་ཨིན་སི་དང་ཕོ་ཏུའུ་གཉིས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ལ་འགལ་བ་འབྱུང་བའི་གནས་སྣང་ཚུལ་གཏན་ནས་མཐོང་འདོད་མེད། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་པར་རེ་བ་བྱེད་བཞིན་ཡོད་ཟེར།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།