ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་བཀྲམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཉེ་ལམ་སྐོར་ཐེངས་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམ་པ་མ་ཟད། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་བྱ་བར་དོ་སྣང་དང་དམ་འཛིན་བྱས་ཏེ། བརྗོད་དོན་སློབ་གསོར་སྤྱིའི་ཆ་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། རྒྱུན་མཐུད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོའི་རང་བཤེར་དཔྱད་འཇོག་བྱ་བར་ཟུང་འབྲེལ་བྱས་ནས། དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྩིས་བཤེར་དབྱེ་ཞིབ་བྱེད་པ་དང་། དག་ཐེར་ལེགས་བཅོས་སྤེལ་བའི་གནས་ཚུལ་དང་གྲུབ་འབྲས། དེའི་ཐད་གནས་པའི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱེད་དགོས་ཟེར།

ད་ལོའི་ཟླ་བཅུ་གཅིག་པའི་ནང་། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་ལས་ཁུངས་ཀྱིས་ཀྲུང་དབྱང་གི་ཆེད་དོན་བཅོས་སྐྱོང་སྐོར་གྱི་ཡིག་ཆའི་རེ་བ་དང་རང་ས་ཁུལ་དང་རང་ལས་ཁུངས་ཀྱི་དག་ཐེར་ལེགས་བཅོས་ཇུས་གཞི་ལ་གཤིབ་སྡུར་བྱས་ནས། རེ་རེ་བཞིན་སྤྱི་སྡོམ་བྱེད་པ་དང་། ལག་བསྟར་བྱས་པའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ། གནད་དོན་འཚོལ་ཞིབ་བྱེད་པ། དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་གི་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་དམ་བཅའ་རེ་རེ་བཞིན་ལག་བསྟར་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། །


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།