ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་ཁང་གི་མི་སྣར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124952294_15674318715151n.jpg

ཟླ་དགུ་བའི་ཚེས་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཨ་མེ་རི་ཁ་དང་ཀྲུང་གོའི་བྱ་བའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞི། གྲོས་ཞུགས་མི་སྣ་ཏའེ་ཨན་སི་དང་གྲོས་ཞུགས་མི་སྣ་ཕའོ་ཏུའུ་སོགས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཨ་མེ་རི་ཁ་དང་ཀྲུང་གོའི་བྱ་བའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞི། གྲོས་ཞུགས་མི་སྣ་ཏའེ་ཨན་སི་དང་གྲོས་ཞུགས་མི་སྣ་ཕའོ་ཏུའུ་སོགས་ལ་མཇལ་འཕྲད་གནང་ནས། ཁོ་ཚོས་དུས་ཡུན་རིང་བོར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་བཏོན་པར་བསྔགས་བརྗོད་ཆེན་པོ་བྱས།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡང་ཡིན། ལོ་རྒྱུས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་འགྲིག་མཐུན་ཡོང་ན་ཁེ་ཕན་ཡོད་པ་དང་། འཐབ་རྩོད་བྱས་ན་ཕྱོགས་གཉིས་ཀར་གནོད་སྐྱོན་འབྱུང་ངེས་པ་ར་སྤྲོད་ལེགས་པོ་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུ་དེ་རྒྱལ་ཁབ་དང་འཛམ་གླིང་ཐུན་མོང་གི་ཁེ་ཕན་དང་མཐུན། ཀྲུང་གོས་ནམ་ཡང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་བསྐྱོད་པར་འབད་འཐབ་བྱེད་ཀྱིན་ཡོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཏཱ་པན་གྲོས་མོལ་སྐབས་སུ་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱས་ནས། གླེང་མོལ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་བརྒྱུད་དེ་འགལ་རྩོད་དང་གནད་དོན་གཙོ་བོ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད་ཟེར།

ཏའེ་ཨན་སི་དང་ཕའོ་ཏུའུ་གཉིས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་ད་སྔའི་འཛམ་གླིང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་འབྲེལ་བའི་གྲས་ཀྱི་གཅིག་ཡིན་པས། ཨ་མེ་རི་ཁ་དང་ཀྲུང་གོའི་བྱ་བའི་ཚན་ཆུང་གི་ཁོངས་མིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་བར་གྱི་རྒྱུས་ལོན་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་མུ་མཐུད་དུ་འབད་འཐབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།