ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124947684_15673309510291n.jpg

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཧྥའོ་ཧྲན་རི་བོ་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེར་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་སོ་གཅིག་ཉིན་ཧྥའོ་ཧྲན་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེར་ཐི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། སྐུ་ཞབས་ཙུང་ཐུང2019ལོའི་རྒྱལ་སྤྱིའི་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་རྟགས་མའི་གཟེབ་གྲུག་འགྲན་ཚོགས་སུ་ཕེབས་པ་དེས། འགྲན་ཚོགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་འགོ་ཁྲིད་འོག ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། སྐུ་ཞབས་ཙུང་ཐུང་གིས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་པ་དེས། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་བཏང་། སྐུ་ཞབས་ཙུང་ཐུང་གིས་སྲིད་བཟུང་བའི་ཚུན་དུ།  ཧྥི་ལི་ཕིན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དུག་འགོག་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་ཀུན་གྱིས་ཁས་ལེན་ཐོབ་ཡོད། ཀྲུང་གོས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་བརྩེ་ལ་གཅེས་སྤྲས་བྱེད་ཀྱིན་ཡོད་པ་དང་། ཧྥི་ལི་ཕིན་གྱིས་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་། ཁྲིམས་འཛིན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

ཏུའུ་ཐི་ཨེར་ཐི་ཡིས་བསྟན་དོན། ཧྥི་ལི་ཕིན་གྱིས་ཧྥི་ལི་ཕིན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མུ་མཐུད་དུ་རྒྱ་སྐྱེད་འདོད་ཡོད་ལ། རྒྱལ་ཁབ་གཉིས་བར་གྱི་མི་སྣའི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྟགས་མའི་ལྒང་ལི་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུ་བ་ཡིན་ཟེར།

ལིས་ཞི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།