ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བདུན་པ་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། གསར་གཏོད་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྒུལ་ཤུགས་གལ་ཆེན་ཡིན་ལ། རིམ་པ་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བའི་ཤུགས་ཡོད་འདེགས་སྐྱོར་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་གི་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་ཚོང་རས་གཙོ་ཁྲིད་བྱེད་པ་ཟུང་འབྲེལ་བྱེད་པ། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་དང་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ།  གསར་གཏོད་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

སྲིད་གྲོས་ཨུ་ཡོན་དང་ཆེད་ཞུ་འཐུས་མི་བཅོ་ལྔས་རྒྱུད་གཅིག་ལམ་གཅིག་གསར་གཏོད་མཉམ་ལས་ཀྱི་སྤུས་ལེགས་འཆར་འགོད་དང་སྲིད་ཇུས་འདེགས་སྐྱོར། ར་བའི་ཁུལ་འཛུགས་སྐྲུན། ལས་གཞི་མཉམ་ལས། ཤེས་ལྡན་མི་སྣའི་བརྗེ་རེས་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱད་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་བསམ་འཆར་བཏོན།

ཨུ་ཡོན་སྐོར་ཞིག་གིས། རྒྱུད་གཅིག་ལམ་གཅིག་གསར་གཏོད་མཉམ་ལས་ཀྱི་སྤུས་ལེགས་འཆར་འགོད་ལ་ཤུགས་སྣོན་པ་དང་། ཡུན་རིང་གི་འཆར་འགོད་སྒྲིག་བཟོ་བྱེད་པ། གཞི་གྲངས་དཔལ་འབྱོར་དང་མིའི་བཟོས་རིག་ནུས། བར་སྟོང་ཆ་འཕྲིན་ཚན་རྩལ་སོགས་ལ་ཁྱབ་ཁོངས་གཙོ་བོར་དམིགས་ནས། རྒྱུད་གཅིག་ལམ་གཅིག་གི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་རྩ་འཛུགས་འཚོལ་ཞིབ་འཛུགས་སྐྲུན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་ཤེས་བྱའི་ཐོན་དབང་མཉམ་ལས་རྩ་འཛུགས་བཙུགས་ཏེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མཉམ་སྡེབ་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། གསར་གཏོད་མཉམ་ལས་ཀྱི་སྒྲིག་ལམ་དང་ཚད་གཞི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཀྱི་སྒྲིག་ལམ་དང་ཚད་གཞི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས། མཉམ་འབྲེལ་མཉམ་མཐུད་མངོན་འགྱུར་བྱེད་རྒྱུའི་བསམ་འཆར་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝན་ཀང་དང་ཝང་ཀྲིན་ཝའེ་གཉིས་ཀྱི་ཚོགས་ཐོག་ནས་གཏམ་བཤད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།