ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124939022_15670917909721n.jpg

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཀྲུང་གོར་འཚམས་འདྲི་བྱེད་པ་དང་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་གཟེབ་གྲུག་མཉམ་འབྲེལ་ཚོགས་པའི་གཟེབ་གྲུག་འཛམ་གླིང་བུམ་པའི་འགྲན་སྡུར་ལ་ལྟ་རུ་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱིས་སྲིད་བཟུང་ནས་ལོ་གསུམ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཧྥེ་ལེ་པིན་གྱི་འབྲེལ་བ་བདེ་བླག་ངང་ཆ་ཚང་དང་སྲ་བརྟན། མཐོར་འདེགས་བཅས་སུ་སོང་ནས། ཏན་ཏིག་གི་གྲུབ་འབྲས་མང་པོ་ཐོབ་ཡོད། དེང་སྐབས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་གི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་མོད། ཡིན་ནའང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ནི་སྔར་བཞིན་ལྡོག་ཐབས་མེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཡིན། ངས་ཁྱེད་དང་མཉམ་དུ། མུ་མཐུད་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་སྣེ་ནས་དུས་བབ་དང་གནས་བབ་དམ་དུ་བཟུང་སྟེ། ཀྲུང་གོ་དང་ཧྥེ་ལེ་པེན་གྱི་འབྲེལ་བའི་གོང་འཕེལ་ལ་ཁྲིད་སྟོན་བྱེད་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པར་མ་ཟད། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་ཡང་དྲང་ཕྱོགས་ཀྱི་ནུས་པ་འདོན་ཐུབ་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཧྥེ་ལེ་པེན་ཕྱོགས་ཀྱི་འཛུགས་སྐྲུན་ཆེན་པོའི་འཆར་གཞི་གཉིས་མུ་མཐུད་དུ་སྦྲེལ་མཐུད་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་ལས་ར་བ། གློག་འཕྲིན། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་ཆེན་པོ་ལག་བསྟར་བཟང་པོ་བྱེད་དགོས། ཀྲུང་གོས་ཧྥེ་ལེ་པེན་གྱི་སྤུས་ལེགས་ཤིང་ཏོག་དང་ཞིང་ལས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད་ཡོད་ལ། ཆེད་མཁས་པ་ཧྥེ་ལེ་པེན་ལ་མངགས་ནས་ཞིང་ལས་དང་ཉ་ལས་ལག་རྩལ་ཁྲིད་དུ་འཇུག་རྒྱུ་ཡིན། འགྲོ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ནས། ཀྲུང་གོས་ཧྥེ་ལེ་པེན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་བཀག་འགོག་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥེ་ལེ་པེན་གྱིས་རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ནས་དུས་རྒྱུན་དུ་ཕན་ནུས་ལྡན་པའི་འབྲེལ་འདྲིས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་འགལ་བ་བསྐྱུར་བ་དང་ཕྱིའི་བར་ཆད་སེལ་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་མཉམ་ལས་བྱེད་པ་དང་དོན་དག་སྒྲུབ་པ། འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཕྱོགས་གཉིས་ཀྱིས་གནད་དོན་འདི་ཐག་གཅོད་འོས་འཚམ་བྱས་ན། ཀྲུང་གོ་དང་ཧྥེ་ལེ་པེན་གྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བ་དང་རྨང་གཞི་ཇེ་བརྟན་དུ་འགྲོ་ངེས་ལ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་ཡང་འགན་སྲུང་གལ་ཆེན་ཞིག་ཡོད་པ་རེད་ཟེར།

1124939022_15670917909771n.jpg

ཏུའུ་ཐི་ཨར་ཐི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོར་ཧྥེ་ལེ་པེན་གྱིས་སློབ་སྦྱོང་བྱེད་རིན་འདུག་ཅེས་བཤད། ཁོས་བསྟན་དོན། ཀྲུང་གོ་ནི་ཧྥེ་ལེ་པེན་ལ་མཚོན་ན་ཧ་ཅང་གལ་ཆེ་བ་དང་། ཧྥེ་ལེ་པེན་དང་ཀྲུང་གོའི་འབྲེལ་བ་ནི་ལོ་བརྒྱའི་ཇུས་ཆེན་ཡིན། ཧྥེ་ལེ་པེན་གྱིས་ཀྲུང་གོས་ཧྥེ་ལེ་པེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མུ་མཐུད་དུ་རོགས་རམ་བྱེད་རྒྱུའི་རེ་བ་བཅངས་ཡོད་ལ། ཀྲུང་གོས་ཧྥེ་ལེ་པེན་གྱི་འགྲོ་མིའི་ཐོབ་ཐང་ལས་དོན་དང་། ས་འགུལ་གནོད་ཁུལ་བསྐྱར་འཛུགས། འཇིགས་སྐུལ་ངོ་རྒོལ། དུག་འགོག་སོགས་ཐད་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན། དོན་དངོས་ལས་ཀྲུང་གོ་ནི་ཧྥེ་ལེ་པེན་གྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡིན། ཞང་ཀང་གི་གནད་དོན་ཐད་ནས། ཧྥེ་ལེ་པེན་གྱིས་ཀྲུང་གོའི་བཅའ་ཁྲིམས་ལ་ཡོངས་སུ་བརྩི་བཀུར་བྱེད་པ་དང་། ཀྲུང་གོས་ཁྲིམས་ལྟར་ཁྲིམས་སྐྱོང་སྲུང་སྐྱོབ་བྱེད་པའི་དབང་ཆ་ལ་ཡོངས་སུ་བརྩི་བཀུར་བྱེད་པ་ཡིན་ཟེར།

མཇལ་འཕྲད་ཀྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་མཉམ་དུ་བདེན་དཔང་བྱས། ཕྱོགས་གཉིས་ཀྱིས་ད་དུང་སྣུམ་རླངས་མཉམ་ལས་སྲིད་གཞུང་བར་གྱི་མཉམ་འབྲེལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་ཁེ་ལས་བར་གྱི་བྱ་བའི་ཚན་ཁག་བཙུགས་པ་ཁྱབ་བསྒྲགས་ཏེ། ཐུན་མོང་གི་གསར་སྤེལ་ཐད་ངོ་བོ་རང་བཞིན་གྱི་གྲུབ་འབྲས་བླངས།

དབྱང་ཅེ་ཁྲི་དང་། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།