ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་རང་རྒྱལ་གྱིས་གྲོང་ཁྱེར50རུ5Gསྦྲེལ་ཚུགས་ཁྲི5ལྷག་ཙམ་སྐྲུན་རྩིས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧན་ཞ་ཡིས། ཉིན་ཤས་གོང2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱིས་འཚོགས་པའི5Gརིག་ནུས་དྲ་སྦྲེལ་གྱི་འབྱུང་འགྱུར་མཐོ་རིམ་གླེང་སྟེགས་ཐོག་བརྗོད་དོན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྒུལ་བདེ། ཀྲུང་གོ་ལན་ཐུང་། ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཁེ་ལས་བཞིར་5Gཚོང་སྤྱོད་ཀྱི་ལག་ཁྱེར་སྤྲད་པ་དང་།ལག་ཁྱེར་སྤྲད་པ་དེས་རང་རྒྱལ་གྱི5Gདེ་ཚོང་སྤྱོད་ཁྱབ་གདལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་དངོས་སུ་སླེབས་པ་མཚོན་ཡོད།

2019ལོའི་ཟླ6ཚེས6ཉིན།བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས5Gསྒྲིག་ཆས་དྲ་བར་ཞུགས་པའི་མཆན་བཀོད་ཡིག་ཆ7མཆན་སྤྲོད་བྱས་པ་དང་། དྲ་བར་ཞུགས་པའི་མཚོན་རྟགས་ཁྲི37ལྷག་ཙམ་གྱི་རྣམ་གྲངས་མང་པོའི5Gའགག་རྩའི་ལག་རྩལ་ལ་ཚད་བརྒལ་བྱུང་བ། ཐོན་ལས་འཁོར་འབྲེལ་ལ་དམིགས་ཏེ་མ་དངུལ་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་ལ་བགོས་ཚོང་བྱེད་པའི་རྣམ་པ་གསར་པ་རགས་ཙམ་གྲུབ་ཡོད།

ཟླ7པའི་ཟླ་མཇུག་བར། མིག་སྔའི་འཆར་འགོད་གཞིར་བཟུང་། 2019ལོར་རང་རྒྱལ་གྱིས་གྲོང་ཁྱེར50རུ5Gསྦྲེལ་ཚུགས་ཁྲི5ལྷག་ཙམ་སྐྲུན་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།