ལིས་ཁི་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། གློད་སྡོམ་ཟུང་སྦྲེལ་གྱིས་དོན་དག་སྒྲུབ་སྐབས་དང་དོན་དག་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། འདྲ་མཉམ་འགྲན་རྩོད་ལ་ཡར་སྐུལ་གྱིས་ཁྲོམ་རའི་ཕན་འབྲས་མཐོར་འདེགས་གཏོང་བར་བཀོད་སྒྲིག་བྱས་པ་དང་། བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་འཁྲོལ་ཡིག་སྐོར་ཞིག་མེད་པར་བཏང་ནས། ཁྲོམ་རའི་གཙོ་གཞིའི་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ཆེ་རུ་བསྐྱེད་རྒྱུའི་ཐག་བཅད་ལ། ལུས་རྩལ་སྦྱོང་བརྡར་དང་ལུས་རྩལ་འཛད་སྤྱོད་ལ་སྔར་ལས་ཡར་སྐུལ་བྱེད་པའི་བྱེད་ཐབས་གཏན་ཁེལ་བྱས་པ་དང་། སྐུད་ཐོག་སློབ་གསོའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སློབ་གསོའི་འདྲ་མཉམ་ལ་ཡར་སྐུལ་བྱེད་པར་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།