ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཚེས་ཉེར་དྲུག་ཉིན་ཁྲུང་ཆིན་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ཚོགས་འདུ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། མཉམ་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། མིས་བཟོ་རིག་ནུས་སོགས་མཚོན་བྱེད་དུ་གྱུར་པའི་དེང་རབས་ཆ་འཕྲིན་ལག་རྩལ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་པ་དང་། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་གོང་འཕེལ་ཆེན་པོ་བྱུང་ཡོད་ལ། རིག་ནུས་ཐོན་ལས་མགྱོགས་མྱུར་གྱིས་འཕེལ་བཞིན་ཡོད་པ་འདི། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ། འཛམ་གླིང་བཅོས་སྐྱོང་སོགས་ཐད་ལ་གལ་ཆེ་ཞིང་གཏིང་ཟབ་པའི་ཤན་ཤུགས་ལྡན་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོས་རིག་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གྲངས་ཀ་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། གྲངས་ཀའི་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རིག་ནུས་ཀྱི་དུས་རབས་མཉམ་བསྐྲུན་དང་རིག་ནུས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།