ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཤིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཟླ་8ཚེས་26ཉིན། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ཁྲུང་ཆིང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་མིག་སྔར་དྲ་སྦྲེལ་དང་། གྲངས་གཞི་ཆེན་པོ། རིག་ནུས་ཐོན་ལས་སོགས་མཚོན་བྱེད་དུ་བྱས་པའི་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་སུ་སོང་བ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་ལ་དབྱར་མཚོ་རྒྱས་པ་ལྟར་སྐུལ་འདེད་གཏོང་བ། རིག་ནུས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་བཅས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཀྱི་ད་ཤུགས་རྐྱེན་གལ་ཆེན་དང་གཏིང་ཟབ་ཐེབས་བཞིན་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་བཏང་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིག་ནུས་དུས་རབས་མཉམ་དུ་གཏོད་པ་དང་རིག་ནུས་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།