ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་དང་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124919105_15667415674261n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་དང་བཞུགས་མོལ་བྱེད་སྐབས་བསྟན་དོན། དམངས་ཆེན་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བཅའ་ཁྲིམས་བརྩི་སྲུང་དང་བཅའ་ཁྲིམས་དྲིལ་སྒྲོག བཅའ་ཁྲིམས་ཁྱབ་གདལ་དུ་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལག་ལེན་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ཟེར།

བཞུགས་མོལ་ལ་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་མི་ང་གཅིག་ནང་གི་མང་ཤོས་ནི་གཞི་རིམ་ནས་ཡོང་བ་ཡིན། འཐུས་མི་རྣམས་ཀྱིས་འགན་འཁྲི་ལག་བསྟར་བྱས་པའི་ཉམས་མྱོང་དང་མྱོང་ཚོར་ལྷུག་པར་བརྗོད་པ་དང་། བྱ་བའི་ལག་ལེན་ཁྲོད་དུ་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་བཅའ་ཁྲིམས་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བ། དེ་མིན་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་དམངས་ཆེན་འཐུས་མིས་འགན་འཁྲི་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་གཞི་རྩ་ཡིན་པ་དང་།  འཐུས་མིའི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་ནི་རྒྱལ་ཁབ་ལས་ཁུངས་ཀྱི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་འགན་འཁྲི་ཡིན་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཚོན་བྱེད་གལ་ཆེན་ཡིན། དམངས་ཆེན་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་གལ་ཆེན་དང་ལེན་བྱེད་པ་དང་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་དང་ལེན་བྱེད་དགོས། འཐུས་མིའི་བཅའ་ཁྲིམས་དང་འགན་འཁྲི་ལག་བསྟར་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་ནན་ཏན་སྒོས་སློབ་སྦྱོང་ དང་གསལ་བོར་ཤེས་པར་བྱེད་པ་དང་། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་འཐུས་མིའི་ཁེ་དབང་ལག་བསྟར་བྱེད་པ། འཐུས་མིའི་འོས་འགན་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པ་དང་མི་དམངས་ལ་ཞབས་ཕྱི་བསྒྲུབ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་གོང་འཕེལ་དུ་གཏོང་བ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལག་ལེན་ཁྲོད་དུ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།