ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲུལ་ཆས་མིའི་འགྲན་བསྡུར་ཆེན་མོའི་གཏིང་རྩོད་འགྲན་སྡུར་པེ་ཅིང་ནས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲུལ་ཆས་མིའི་འགྲན་བསྡུར་ཆེན་མོའི་གཏིང་རྩོད་འགྲན་སྡུར་དང་པེ་ཅིང་གི་2019ལོའི་འཛམ་གླིང་འཕྲུལ་ཆས་མིའི་ཚོགས་ཆེན་དུས་གཅིག་ཏུ་འཚོགས་པ་རེད། འཛམ་གླིང་འཕྲུལ་ཆས་མིའི་འགྲན་བསྡུར་ཆེན་མོའི་འཕྲུལ་ཆས་མིའི་ལས་རིགས་ཀྱི“ཨོ་རྩལ་འགྲན་ཚོགས”ཀྱིས་འདི་ལོ་ཁྱོན་BCIཀླད་པའི་ཚོད་འཛིན་འཕྲུལ་མིའི་འགྲན་བསྡུར་ཆེན་མོ་དང་། མཉམ་འདྲེས་འཕྲུལ་ཆས་མིའི་འགྲན་སློང་འགྲན་བསྡུར། འཕྲུལ་ཆས་མིའི་བཟོ་ལས་ཇུས་འགོད་འགྲན་བསྡུར། གཞོན་ནུ་ལོ་ཆུང་འཕྲུལ་ཆས་མིའི་ཇུས་འགོད་འགྲན་བསྡུར་ཆེན་མོ་བཅས་འགྲན་བསྡུར་ཆེ་གྲས་བཞི་བཀོད་སྒྲིག་བྱས་པ་རེད། འགྲན་བསྡུར་ཆེན་མོ་དེ་གོ་ལ་ཧྲིལ་པོར་འགྲན་བསྡུར་ཐེངས་མང་བྱས་པ་དང་ད་ཐེངས་ཀྱི་གཏིང་རྩོད་འགྲན་བསྡུར་ནང་ཀྲུང་གོ་དང་ཨུ་རུ་སུ་དང་།ལྗར་པན། ཧན་གོ ཨ་རི། སིང་ཀ་ཕོར། མོ་ཞི་ཁོ། ཧྥི་ལི་ཕིན་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་གྱི་དཔུང་ཁག་1000ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།