ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་བར་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མུ་མཐུད་ནས་མདུན་དུ་སྐྱོད་པའི་སྙིང་སྟོབས་ཆེན་པོའི་སྒུལ་ཤུགས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་དུས་རབས་གསར་བའི་རྒྱང་སྐྱོད་ལམ་དུ་ལེགས་པོར་སྐྱོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་བ་དེར་སྨྱན་བྱད་ཀྱི་གསར་འགོད་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་ལས་གསོན་ཉམས་ལྡན་ཞིང་མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་བསྐྱར་མཚོན་བྱེད་པ་དང་། དེ་ཚེ་སྲོག་དང་ཁྲག་དྲོན་གྱིས་བསྐྲུན་པའི་རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་རྒྱས་བཤད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ་མུ་མཐུད་ནས་མདུན་དུ་སྐྱོད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། ཕུགས་འདུན་གྱི་འདུ་ཤེས་ཇེ་བརྟན་དུ་སོང་ཡོད་ལ། དེ་ནམ་ཡང་འགྱུར་མི་སྲིད། དུས་རབས་གསར་བར་སྔར་ལས་ལྷག་པའི་སྒོ་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཁག་ཁུར་བྱས་ནས། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།