ཀྲུང་གོའིETCཞབས་ཞུའི་ལས་སྟེགས་དངོས་སུ་དྲ་ཐོག་ནས་འཁོར་སྐྱོད་ཚོང་གཉེར་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས18ཉིན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའིETCཞབས་ཞུའི་ལས་སྟེགས་ཚེས18ཉིན་དངོས་སུ་དྲ་ཐོག་ནས་འཁོར་སྐྱོད་ཚོང་གཉེར་བྱ་རྒྱུར་ཞབས་ཞུ་མཁོ་འདོན་བྱས་པ་དང་། འཁོར་བདག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེའི་ལས་རིམ་ཆུང་ངུའིETCཞབས་ཞུའི་ཆེད་ཁུལ་ལམ་ཡང་ན་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་ཕྱོགས་སྐད་འཕྲིནETCཞབས་ཞུའི་ལས་སྟེགས་བརྒྱུད་རིན་མེད་ངང་དྲ་ཐོག་ནསETCགཉེར་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་རླངས་འཁོར་ཁ་བཀག་མི་དགོས་པར་ལམ་ཁྲལ་གང་མགྱོགས་བསྡུ་རྒྱུ་མངོན་འགྱུར་ཡོང་བ་བྱ་ཆེད། འདི་ལོའི་ལོ་མཇུག་གོང་ཐེམ་ཐོ་ཡོད་པའི་རླངས་འཁོར་ལETCསྒྲིག་སྦྱོར་བྱེད་ཚད80%ཟིན་པའི་བརྩོན་ལེན་བྱས་པ་དང་། མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོར་རླངས་འཁོར་གྱིས་བེད་སྤྱོད་བྱེད་ཚད90%ཟིན་པ་བྱས་ནས་རླངས་འཁོར་ཁ་བཀག་མི་དགོས་པར་ལམ་ཁྲལ་གང་མགྱོགས་བསྡུ་རྒྱུ་མངོན་འགྱུར་ཡོང་བ་བྱས་ཤིང་། མིག་སྔའི་བར་རང་རྒྱལ་གྱིསETCའགྲེམས་སྤེལ་བྱེད་ཚད་ཁྲི10696.74ཟིན་ཡོད་ཅེས་བརྗོད།

འགན་འཁུར་བ་དེསETCའགྲེམས་སྤེལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཀྲུང་གོ་སྲིད་གཞུང་གི་དྲ་བ་དང་མཉམ་འབྲེལ་བྱས་ནས་ཀྲུང་གོའིETCཞབས་ཞུའི་གཞུང་ཕྱོགས་ལས་རིམ་ཆུང་ངུའི་ལས་སྟེགས་ཐུན་མོང་ཐོག་ཁྱབ་གདལ་བཏང་ནསETCདྲ་ཐོག་ནས་རིན་མེད་ངང་གཉེར་བ་དང་། དྲ་ཕྱིར་དངོས་ཟོག་སྒོ་འགྲམ་དུ་སྐྱེལ་རྒྱུ་མངོན་འགྱུར་བྱུང་བ་མ་ཟད། འཁོར་བདག་ལ་དྲ་ཐོག་ནས་སྒྲིག་སྦྱོར་དང་རང་རྟོགས་ངང་སྐུལ་སྤེལ་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་ཤིང་། མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཁོར་བདག་ཚོས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱེད་པའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེའི་ལས་རིམ་ཆུང་ངུ་སྤྱད་དེETCཞབས་ཞུའི་ཆེད་ཁུལ་དུ་འབྲེལ་ཡོད་ཀྱི་ལས་སྒོ་གཉེར་བ་དང་འདྲི་རྩད་བྱེད་ཆོག་གི་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།