ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཞིང་ཆེན་ཁ་ཤས་ཀྱི་ལས་ཞུགས་བརྟན་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124895428_15662259955891n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་ཧ་ཨར་པེན་གྲོང་ཁྱེར་ནས་འགོ་འཛིན་མཛད་དེ་ཞིང་ཆེན་ཁ་ཤས་ཀྱི་ལས་ཞུགས་བརྟན་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཚོགས་ཐོག་ནས་ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆན་ཝེ་དང་ཧྲིན་ཀྲང་ཝང་ཝུན་ཐའོ། ཧི་པེ་ཞིང་ཆེན་གྱི་ཧྲིན་ཀྲང་ཞུའུ་ཆིན། ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་ཀོང་ཀྲིན། ཧུའུ་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཞུའུ་ཏ་ཀྲི། ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་གོ་ཀྲུང་བཅས་ཀྱིས་གཏམ་བཤད།

ལིས་ཁི་ཆང་གིས་གསུངས་རྒྱུར། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་གནས་བབ་བརྟན་བརླིང་ཡིན་པ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཟླ་སྔོན་མ་བདུན་གྱི་ནང་མཁར་གྲོང་དུ་ལས་ཞུགས་མི་གྲངས་ས་ཡ་བརྒྱད་དང་འབུམ་དྲུག་ཁྲི་བདུན་གསར་འཕར་བྱུང་ནའང་ཟླ་བདུན་པར་མཁར་གྲོང་གི་ལས་ཤོར་ཚད་ཇེ་མཐོར་སོང་ཡོད། ལས་ཞུགས་ནི་ཆེས་ཆེ་བའི་དམངས་ཚིས་ཡིན་པ་དང་འཕེལ་རྒྱས་ཀྱི་ཐོག་མའི་དམིགས་འབེན་ཡང་ཡིན། ལོ་རེར་འཚར་ལོངས་བྱུང་བའི་ངལ་རྩོལ་པ་བྱེ་བ་གཅིག་དང་ས་ཡ་ལྔ་དང་ཞིང་ལས་ཞོར་ལས་ངལ་རྩོལ་པ་ས་ཡ་གསུམ་གི་ལས་ཞུགས་གནད་དོན་ཐག་གཅོད་དགོས་པས། ལས་ཞུགས་བྱ་བའི་དཀའ་ཚེགས་རང་བཞིན་དང་གནས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་སྐབས་ཐོག་མར་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ནས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་པ་དང་། ཅུང་འཐུས་ཚང་ཡིན་པའི་ལས་ཞུགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།