ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་ཐད་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པ་དང་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐབས་འདིར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་བྱས་ཏེ་སྤེལ་བའི་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་ལས་གསོན་ཉམས་ལྡན་ཞིང་མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་བསྐྱར་མཚོན་བྱེད་པ་དང་། དེ་ཚེ་སྲོག་དང་ཁྲག་དྲོན་གྱིས་བསྐྲུན་པའི་རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་རྒྱས་བཤད་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ཞི་ཅིན་ཕིང་གིས་བསྟན་དོན། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་སྟོབས་ལྡན་སྙིང་སྟོབས་ཀྱི་སྒུལ་ཤུགས་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། དམར་པོའི་སྲིད་དབང་ཐོབ་དཀའ་བ་དང་ཀྲུང་གོ་གསར་བ་ཐོབ་དཀའ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐོབ་དཀའ་བར་ངོས་འཛིན་གསལ་བོ་བྱེད་དགོས་ལ། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་ཏང་གི་ངོ་བོ་དང་དམིགས་འབེན་ཡིད་ལ་དམ་པོར་བཅངས་དགོས། ཕུགས་འདུན་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་བློ་བརྟན་འགྱུར་མེད་སྒོས་ཏང་གི་རིགས་གཞུང་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ་མུ་མཐུད་དུ་མདུན་སྐྱོད་བགྲོད་ལམ་སྟེང་གི་འགག་སྒོ་སྣ་ཚོགས་ལས་ཡོངས་སུ་བརྒལ་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་དུས་རབས་གསར་བའི་རྒྱང་སྐྱོད་ལམ་དུ་ལེགས་པར་བསྐྱོད་པ་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།