ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་དང་འཕྲལ་སྒྲུབ་དོ་དམ་པུའུ་གཉིས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཅིག་ལ་ཀྲུང་དབྱང་གི་ཆུ་ལོག་དང་ཐན་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་དྲུག་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་འཕྲལ་སྒྲུབ་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་སྒྲུབ་དོ་དམ་པུའུ་གཉིས་ཀྱིས་ཉེ་ལམ་ཧྲན་ཞི་དང་ནང་སོག ཧྥུའུ་ཅན། ཧི་ནན། ཀོང་ཞི། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཅིག་ལ་ཀྲུང་དབྱང་གི་ཆུ་ལོག་དང་ཐན་པ་སེལ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་དྲུག་བྱིན་པ་དང་། དེ་གཙོ་བོ་གནོད་ཐེབས་ས་ཁུལ་གྱི་ཆུ་ལོག་དང་ཐན་པའི་གནོད་འཚེ་སེལ་བ་དང་།  ཆུ་ལོག་དང་ཐན་སྐྱོན་གྱི་མྱུར་སྐྱོབ་དངོས་རྫས་ཁ་གསབ་བྱེད་པའི་ཐད་ལ་བཀོལ་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཆུ་ལོག་དང་ཐན་པ་སེལ་བའི་་སྤྱིའི་བཀོད་འདོམས་པུའུ་དང་འཕྲལ་སྒྲུབ་དོ་དམ་པུའུ་གཉིས་ཀྱིས་རྒྱུན་མཐུད་སྒོས་ཆུ་ལོག་དང་ཐན་པ་སེལ་བའི་བྱ་བར་མཛུབ་སྟོན་བྱས་པ་དང་། རིམ་པ་སོ་སོའི་ཉེན་སེལ་རྒུད་སྐྱོབ་དཔུང་སྡེ་རྣམས་ཆུ་ལོག་དང་ཐན་པའི་གནོད་འཚེ་འགོག་པར་བཀོད་སྒྲིག་བྱས་ཏེ་ཚད་ཆེན་པོའི་སྒོ་ནས་མི་སྣ་ཤི་རྨས་དང་གནོད་འཚེ་གྱོང་གུད་ཇེ་ཉུང་དུ་བཏང་། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།