ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2019-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་ར་ཅན་གྱི་བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་དོན་དངོས་སྐྱེད་ཀའི་ཆུ་ཚད་མངོན་གསལ་སྒོས་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་པར་བཀོད་སྒྲིག་བྱས་པ་དང་། རྒྱུན་བཀོལ་སྨན་རྫས་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་ལ་ཤུགས་སྣོན་པའི་བྱེད་ཐབས་གཏན་འཁེལ་བྱས་ཏེ། མང་ཚོགས་ཀྱི་སྨན་བཀོལ་དགོས་མཁོ་དང་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་འགན་སྲུང་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ད་ལོའི་ཚུན་ལ་འབྲེལ་ཡོད་ཕྱོགས་སོ་སོས་འབད་བརྩོན་བྱས་འོག སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་དངུལ་བསྡུའི་སྐྱེད་ཀའི་ཚད་བརྟན་འཇགས་ཁྲོད་ནས་ཇེ་དམའ་རུ་སོང་། གནས་བབ་དེ་སྲུང་འཛིན་བྱེད་དགོས་པ་དང་ལྷག་པར་དུ་དེང་སྐབས་ཀྱི་གནས་བབ་ལ་དམིགས་ཏེ། ངེས་མེད་རང་བཞིན་གྱི་ལུགས་མཐུན་རྣམ་པ་སྲུང་འཛིན་བྱེད་པ་དང་། བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་དོན་དངོས་སྐྱེད་ཀའི་ཆུ་ཚད་མངོན་གསལ་སྒོས་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་ཧུར་ཐག་སྒོས་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྒྱུན་བཀོལ་སྨན་རྫས་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་ཀྱི་ནུས་ལྡན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ལ་འབྲེལ་བ་ཡོད། ད་ལྟའི་བྱ་བའི་རྨང་གཞིའི་སྟེང་དུ་རྒྱུན་བཀོལ་སྨན་རྫས་དཀོན་པ་དང་རིན་གོང་ལུགས་མཐུན་མིན་པའི་གནས་ཚུལ་ལ་དམིགས་ཏེ། གཅིག་ནས་སྨན་རྫས་ཉོ་སྡུད་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གཉིས་ནས་སྨན་རྫས་དཀོན་པའི་ཆ་འཕྲིན་འཚོལ་སྡུད་སྟེགས་བུ་འཛུགས་དགོས། གསུམ་ནས་སྨན་རྫས་རིན་གོང་ལ་ལྟ་རྟོག་དོ་དམ་དང་ཁྲིམས་འཛིན་ནུས་པ་ཇེ་ཆེར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།