ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124866478_15656077439871n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་མ་ཟད་ཤར་ཕྱོགས་གནའ་བོའི་ཤེས་རིག་རྒྱལ་ཁབ་དང་དེང་སྐབས་ཀྱི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་། ད་ལྟ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་དུས་སྐབས་གལ་ཆེན་དུ་གནས་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མཉམ་དུ་སྣེ་ཁྲིད་བྱས་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་མང་དུ་སོང་བ་དང་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དེང་རབས་ཅན་གྱི་སྲོག་ཤིང་ནི་མིའི་དེང་རབས་ཅན་ཡིན། ཀྲུང་གོ་དང་རྒྱ་གར་གྱི་མི་གཞུང་བརྗེ་རེས་ཀྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་ལ། དེང་སྐབས་ལ་ཕན་ཞིང་རྒྱང་རིང་ལ་འབྲེལ་བ་ཡོད་པ་ནི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་འགྲོ་འོང་དང་འབྲེལ་འདྲིས་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐོ་རིམ་མི་གཞུང་བརྗེ་རེས་ནང་རྐྱེན་བཀོལ་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་དམངས་དོན་གྱི་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར།

སུའུ་ཅེ་ཧྲིན་གྱིས་བཤད་རྒྱུར། རྒྱ་གར་དང་ཀྲུང་གོས་ས་ཁུལ་དང་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་དུ་ཐུན་མོང་མ་ཡིན་པའི་ནུས་པ་ཆེན་པོ་བཏོན་པ་དང་། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱ་གར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གྱི་རྨང་གཞིའི་སྟེང་ཡང་འབད་བསྐྱར་འབད་བྱེད་པ་དང་འབྲེལ་འདྲིས་དང་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་ཞིང་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་པར་མ་ཟད་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།