ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་གེགས་སེལ་དངུལ་དང་དངོས་རྫས་ཛ་དྲག་ངང་གཏོང་སྤྲོད་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས11ཉིན། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས། རྒྱ་མཚོའི་རླུང་འཚུབ་དྲག་པོ“ལི་ཆི་མཱ”ཡིས་བཟོས་པའི་ཤུགས་རྐྱེན་ཚབས་ཆེན་ལ་དམིགས་ནས། རྒྱ་མཚོའི་རླུང་འཚུབ་རིམ་པ་གཉིས་པའི་སྔོན་འགོག་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག ནོར་སྲིད་པུའུ་དང་མཉམ་འབྲེལ་གྱིས་ཀྲེ་ཅང་ཞིང་ཆེན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི300ཛ་དྲག་ངང་གཏོང་སྤྲོད་བྱས་པ་དང་ཆབས་ཅིག ས་གནས་ཀྱི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཀྲེ་ཅང་གི་གེགས་ཁུལ་ལ་ལྟེབ་ཁྲི་ཁྲི་1སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་གཏོང་སྤྲོད་བྱས་ནས། ས་གནས་ལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་འོས་འཚམ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།

ཉིན་ཤས་བསྟུད་མར། རྒྱལ་ཁབ་འབྲུག་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུས། སྔ་རྗེས་སུ་ལས་དོན་ཚོགས་ཆུང9ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ། ཧྲན་ཏུང་། ཧོ་པེ། ཐེན་ཅིན། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་སོགས་ཀྱི་འཐབ་ཕྱོགས་དང་པོར་མངགས་ཏེ། ས་གནས་དེ་དག་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྔོན་འགོག་དང་ཁ་གཏད་འཇལ་བའི་བྱེད་ཐབས་སྤྱོད་རྒྱུར་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཏེ། རྒྱ་མཚོའི་རླུང་འཚུབ་སྔོན་འགོག་དང་། ཁ་གཏད་འཇལ་བ། ཉེན་སེལ་གེགས་སེལ་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།