ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་ལས་ཁུངས་ཀྱིས་མི་རིགས་ཀྱི་རྒྱུ་ནོར་བཀག་བཀྲོལ་རིགས་ཀྱི་ཁ་བསླུས་ལ་རྡུང་རྡེག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སྤྱི་བདེ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  ད་ལོ་ནས་བཟུང་སྤྱི་བདེ་ལས་ཁུངས་ཀྱིས་མི་རིགས་ཀྱི་རྒྱུ་ནོར་བཀག་བཀྲོལ་རིགས་ཀྱི་ཁ་བསླུས་གྱོད་གཞིར་རྡུང་རྡེག་གཏོང་བའི་ལས་དོན་གྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད། མིག་སྔའི་བར། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མི་རིགས་ཀྱི་རྒྱུ་ནོར་བཀག་བཀྲོལ་རིགས་ཀྱི་ཁ་བསླུས་ཉེས་གསོག་ཚོགས་པ284མེད་པ་བཟོས་ནས་ཉེས་གསོག་དོགས་ཅན3589བཟུང་བ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར6.23བཀག་འཇོག་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། མི་རིགས་ཀྱི་རྒྱུ་ནོར་བཀག་བཀྲོལ་རིགས་ཀྱི་ཁ་བསླུས་གྱོད་གཞི་ཐོན་ནས་དུས་ཡུན་རིང་པོ་སོང་བ་དང་། མིག་སྔར། ཁ་བསླུས་གྱོད་གཞི་འདི་རིགས་དྲ་རྒྱའི་ཐོག་མངོན་ལྐོག་གང་རུང་གི་རྣམ་པའི་ཐོག་ནས་ཤུགས་ཆེར་ཁྱབ་བཞིན་ཡོད། ཉེས་ཅན་པས་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཡིག་རྫུན་བཟོ་དང་ལག་ཁྱེར་རྫུས་མ་བཟོས་ཏེ་ཉེས་པ་གསོག་ཐབས་རྒྱུན་ཆད་མེད་པར་གསར་བརྗེ་དང་རིམ་སྤོར་བྱས་ཏེ། “གནད་སྨིན་དབུལ་སྐྱོར”དང“དགེ་སྒྲུབ་རོགས་སྐྱོར”“དམག་དམངས་མཉམ་འདྲེས”སོགས་ཀྱི་མིང་ཐོག་ནས་སྐད་འཕྲིན་ཚོགས་པ་དངQQཚོགས་པ་སྤྱད་དེ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། དོན་དངོས་གསལ་པོ་མི་ཤེས་པའི་མང་ཚོགས་མང་དག་ཅིག་དགེ་སྒྲུབ་དང་། དབུལ་སྐྱོར། མ་འཇོག རྒན་གསོ་སོགས“ཐེབས་རྩ་ལྷན་ཚོགས”དང“རྣམ་གྲངས”ནང་ཞུགས་སུ་བཅུག་སྟེ་སྐད་འཕྲིན་དང་། གཏོང་སྤྲོད་འབོ། དྲ་རྒྱའི་དངུལ་ཁང་སོགས་ཀྱི་བྱ་ཐབས་ཐོག་ནས་རྩིས་ཐོ་ལེན་པ་དང་བཙོག་དངུལ་གཞན་སྒྱུར་བྱེད་ཀྱི་ཡོད།

གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྱོད་གཞི་འདིའི་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྤྱི་བདེ་པུས་གྲངས་གཞི་ཆེན་པོ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ། མི་རིགས་ཀྱི་རྒྱུ་ནོར་བཀག་བཀྲོལ་རིགས་ཀྱི་ཁ་བསླུས་གྱོད་གཞིར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་སྤྱད་དེ་ཉེས་གསོག་ཁུངས་སྣེ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས། སྔ་རྗེས་སུ་གྱོད་འབྲེལ་ཁུངས་སྣེ་ཁྲི་2ལྷག་ཙམ་གསལ་བསྒྲགས་བྱས་ཏེ་ས་ཁུལ་ཁག་གིས་རྡུང་རྡེག་ནན་པོ་གཏོང་དགོས་པའི་བཀོད་སྒྲིག་བྱས་ཡོད། གོམ་སྟབས་རྗེས་མར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་འདི་རིགས་ལ་དམ་བསྒྲགས་རྣམ་པའི་ཐོག་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཉེས་པ་གསོག་ཁུལ་གཙོ་བོར་ཕྱོགས་བསྡུས་བཅོས་སྒྲིག་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།