ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་གྲོང་ཁྱེར་ཧྲེང་པའོ་ལའོ་རུ་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   “ལོ70རིང་གི་སྐད་ཅིག་མ70སྟེ། ཧྲང་ཧའེ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན”ཚེས5ཉིན་པར་ཙིར་གྱི་གྲོང་ཁྱེར་ཧྲེང་པའོ་ལའོ་རུ་སྤེལ་བ་རེད། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་དང་། ཧྲེང་པའོ་ལའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་དཔོན་རིགས། ཧྲེང་པའོ་ལའོ་གྲོང་ཁྱེར་སྲིད་གཞུང་གི་དཔོན་རིགས། དེ་བཞིན་ཧྲེང་པའོ་ལའོ་རུ་བཅའ་སྡོད་ཕྱི་རྒྱལ་གྱི་སྤྱི་ཁྱབ་ཁ་སྐྱོང་ལས་ཤག་གི་མི་སྣ་བཅས་མི་བརྒྱ་ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

འགྲེམས་སྟོན་ཐོག་ཧྲང་ཧའེ་ཡི་ལོ70རིང་གི་ལོ་རྒྱུས་བཞུར་རྒྱུན་ཁྲོད་ནས་ངོ་མཚར་ཆེ་བའི་སྐད་ཅིག་མ70བདམས་པ་དེ1949ལོ་ནས1978བར་གྱི“འབད་འཐབ་ཡར་བརྩོན་གྱིས་ལེའུ་གསར་པ་བརྩམས”ཞེས་པ་དང་། 1978ལོ་ནས2012བར་གྱི“སྒོ་དབྱེའི་རླུང་གཡོར་མཐོན་པོར་བསྒྲེངས”2012ལོ་ནས2019བར་གྱི“ཕུགས་འདུན་སྙེགས་ནས་ཕུལ་བྱུང་བརྩོན་ལེན་བྱེད”བཅས་ཁག་གསུམ་དུ་དབྱེ་ནས་པར་རིས་ཀྱི་རྣམ་པའི་ཐོག་ནས་ཧྲང་ཧའེ་ཡི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་དང་དེ་བཞིན་ཀྲུང་གོའི་དུས་རབས་ཀྱི་རྣམ་པ་གསར་པ་མཚོན་པར་བྱས་ཡོད།

ཧྲེང་པའོ་ལའོ་གྲོང་ཁྱེར་རྒྱལ་སྤྱིའི་འབྲེལ་བ་ཅུས་ཀྱི་ཅུས་ཀྲང་ལུའུ་དབྱི་སི·ཨར་ཝ་ལུའོ་ཡིས་ཤིས་ཚིག་སྒྲོན་སྐབས།      ཧྲེང་པའོ་ལའོ་དང་ཧྲང་ཧའེ་ཚང་མ་ནི་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། པར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་མཚམས་སུ་སྤེལ་བའི་པར་རིས་འགྲེམསས་སྟོན་དེས་ཧྲེང་པའོ་ལའོ་ཡི་གྲོང་མི་རྣམས་ལ་ཧྲང་ཧའེ་ཡི་ཐུན་མོང་མ་ཡིན་པའི་རྣམ་པ་མངོན་པར་བྱས་ཡོད་ཅེས་བརྗོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།