ཀྲུང་གོ་བོད་ཀྱི་དྲ་བ།

“གནའ་དཔྱད་ཀྲུང་གོས”གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ཆེན་པོ་གཉིས་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན།  ཟླ8ཚེས6ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དུ་འཚོཌ་པའི“གནའ་དཔྱད་ཀྲུང་གོའི”ཞིབ་འཇུག་རྣམ་གྲངས་ཆེན་པོའི་འཕེལ་རིམ་གསར་པའི་ལས་དོན་ཚོགས་འདུའི་ཐོག“ལྷོ་རྒྱ་མཚོ་རྟགས་ཅན་དང་པོའི”སྲུང་སྐྱོང་སྔོག་འདོན་རྣམ་གྲངས་དང་ཧུའུ་པེ་སུའེ་ཀྲོའུ་ཁ་སུར་སྡོང་པོའི་ཤིང་ནགས་དུར་ས་སོགས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ཆེན་པོ་གཉིས་ཡོངས་བསྒྲགས་བྱས་པ་རེད།

སུང་རྒྱལ་རབས་ཀྱི་དིམ་གྲུ“ལྷོ་རྒྱ་མཚོ་རྟགས་ཅན་དང་པོ”འདི་1987ལོར་ཤེས་རྟོགས་ཐུབ་པ་དང་། 2007ལོར་ཆུ་འོག་ལས་སྒམ་སྤྱད་དེ་ཕྱིར་བཏོན་པ་དང་། ཀོང་ཏུང་མཚོ་ཐོག་དར་གོས་ལམ་བུའི་རྟེན་རྫས་བཤམས་མཛོད་ཁང་དུ་བཞག་ཡོད། 2014ལོར་གོ་རིམ་ལྡན་པའི་སྲུང་སྐྱོང་སྔོག་འདོན་ལས་དོན་སྤེལ་འགོ་ཚུགས་པ་དང་། 2019ལོར་གྲུ་གཟིངས་ཀྱི་དངོས་ཟོག་གཙང་བཤེར་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གྲུ་གཟིངས་ཧྲིལ་པོར་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། གྲུ་གཟིངས་དེ་ནས་རིག་དངོས་སྤུས་དག་ཁྲི་18ལྷག་ཙམ་རྙེད་པ་ལས་རང་རྒྱལ་གྱི་སུང་རྒྱལ་རབས་དུས་ཀྱི་དར་རྒྱས་ཆེ་བའི་ཕྱི་ཕྱོགས་ཚོང་དོན་མ་ལག་མངོན་པ་དང་། རང་རྒྱལ་དང་ཐ་ན་ཨེ་ཤེ་ཡ་ཤར་མ་དང་ཨེ་ཤེ་ཡ་ཤར་ལྷོའི་གནའ་བོའི་གྲུ་གཟིངས་བཟོ་བའི་ལོ་རྒྱུས་དང་། རྫ་ཆས་ཀྱི་ལོ་རྒྱུས། མཚོ་ཐོག་སྐྱེལ་འདྲེན་གྱི་ལོ་རྒྱུས། ཚོང་དོན་གྱི་ལོ་རྒྱུས་སོགས་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་། མཚོ་ཐོག་དར་གོས་ལམ་བུའི་ལོ་ངོ་སྟོང་གི་རྒྱུན་འཛིན་དང་། རང་རྒྱལ་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་ལས་དང་རིག་གནས་སྤེལ་རེས་ཐད། ཁུངས་འཛིན་ས་བཙན་པོ་ཞིག་མཁོ་འདོན་བྱས་ཡོད། “ལྷོ་རྒྱ་མཚོ་རྟགས་ཅན་དང་པོ”ཧྲིལ་པོར་བཏོན་པ་དང་སྲུང་སྐྱོང་སྔོག་འདོན་ལས་དོན་གྱིས་རང་རྒྱལ་གྱི་ཆུ་ནང་གནའ་དཔྱད་ཀྱི་ལོ་30ལྷག་ཙམ་གྱི་འཕེལ་རིམ་དང་འགྲོགས་པས། རང་རྒྱལ་གྱི་ཆུ་ནང་གནའ་དཔྱད་བྱ་གཞག་མགྱོཌ་མྱུར་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་པས་འཛམ་གླིང་གི་ཆུ་ནང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་དཔེ་མཚོན་ལྟ་བུ་རེད། “ལྷོ་རྒྱ་མཚོ་རྟགས་ཅན་དང་པོ”སྲུང་སྐྱོང་སྔོག་འདོན་ལས་དོན་གྱིས་སྔོག་འདོན་དང་། སྲུང་སྐྱོང་། འགྲེམས་སྟོན་བཅས་ཕྱོགས་གསུམ་གཞི་གཅིག་གི་སྔོན་ཐོན་འདུ་ཤེས་ལ་གཞིགས་ཏེ་ཚན་རྩལ་གསར་གཏོད་བྱ་ཐབས་སྣ་མང་རྒྱ་ཁྱབ་ངང་སྤྱད་པས་རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱི་ཚད་མཐོའི་དོ་ཁུར་ཐོབ་ནས་གནའ་བོའི་ཀྲུང་གོ་དང་དེང་རབས་ཀྱི་ཀྲུང་གོ་ཕྱོགས་ཡོངས་ནས་དངོས་སུ་མཚོན་པའི་དཔེ་མཚོན་ཡག་ཤོས་སུ་གྱུར་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།