ཀྲུང་གོ་བོད་ཀྱི་དྲ་བ།

སྣོད་བཅུད་ཞིང་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན  ཁྲུང་ཆིང་གྲོང་ཁྱེར་ཕེང་ཧྲུའེ་མེའོ་རིགས་ཐུའུ་ཅ་རིགས་རང་སྐྱོང་རྫོང་གིས་སྣོད་བཅུད་དམིགས་བཀར་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྣོད་བཅུད་ཞིང་ལས་དེ་ཉིད་ཞིང་པ་དབུལ་སྒྲོལ་འབབ་འཕར་ཡོང་བའི་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་ལི་དང་། པ་ལུམ། སྟར་ཁ། གཡེར་མ་སོགས་སྣོད་བཅུད་ཞིང་ལས་གླིང་མུའུ་ཁྲི་20ལྷག་ཙམ་བསྐྲུན་ཏེ་ཞིང་པར་སྣོད་བཅུད་ཡོང་འབབ་གཏོད་རོགས་བྱས་པས་དབུལ་སྒྲོལ་འབབ་འཕར་བྱུང་བ་དང་སྦྲགས་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་ཀྱང་ལེགས་སུ་ནུས་ལྡན་ཕྱིན་པ་དང་། གྲོང་གསེབ་འདི་ཉིད་སྣོད་བཅུད་ཁྱིམ་གཞིས་ལ་གྱུར་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།