ཞི་ཅིན་ཕིང་གིས་ཨེ་ཅིབ་ཁེ་ལོ་ནས་འཇིགས་སྐུལ་འཇབ་རྒོལ་བྱུང་བའི་ཐད་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་རྒྱལ་ཁབ་ཀྱི་ཁེ་ལོ་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་བྱུང་བའི་ཐད་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་ལོ་ནས་འཇིགས་སྐུལ་འཇབ་རྒོལ་ཚབས་ཆེན་བྱུང་ནས་མི་སྣ་ཤི་རྨས་བྱུང་། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱེད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་རྨས་མ་དང་འདས་པོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བར་མ་ཟད་རྨས་མ་རྣམས་སྔ་མོ་ནས་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། ཀྲུང་གོ་ཕྱོགས་ཀྱིས་རྦད་ཆོད་སྒོས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྦད་ཆོད་སྒོས་ཨེ་ཅིབ་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།