ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བ་བསྐོར་བའི་ཚད་ཞིབ་ལས་འགན་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8ཚེས2ཉིན་གསར་འགོད་པས་རྒྱལ་ཁབ་མཁའ་འགྲུལ་ཅུས་ཟླ་དཔྱད་དང་མཁའ་འགྲུལ་ལས་གཞི་ལྟེ་གནས་ནས་ཤེས་རྟོགས་བྱས་པ་ལྟར་ན། པེ་ཅིང་གི་དུས་ཚོད་2019ལོའི་ཟླ7ཚེས31ཉིན་གྱི་ཆུ་ཚོད22དང་སྐར་མ20ཐོག ས་ངོས་འཕུར་སྐྱོད་ཚོད་འཛིན་མི་སྣའི་ཚོད་འཛིན་ཞིབ་ཚགས་འོག“ལུང་ཅང་ཨང་གཉིས་པ”རྟགས་ཅན་གྱི་ཟླ་བའི་གོ་ལ་བཤུལ་ལམ་གྱི་རླབས་འབྲིང་འདས་པའི་གནམ་དཔྱད་ལྟ་དཔྱད་ཚད་ལེན་གྱི་སྲུང་སྐར་ཆུང་བས་འཆར་གཞི་ལྟར་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་སྔོན་གཏན་ཁེལ་བའི་ས་ཁོངས་སུ་ཟླ་བ་དང་རྡུང་ཁ་ཐེབས་རྒྱུར་ཚོད་འཛིན་ཐུབ་ཡོད་པ་རེད། རྣམ་གྲངས་དེ་ལག་བསྟར་བདེ་བླག་བྱུང་བའི་ཐོག་ནས“ལུང་ཅང་ཨང་གཉིས་པ”རྟགས་ཅན་ཉིད་རང་རྐྱ་འཕེར་བའི་ངང་ས་ངོས་ནས་ཟླ་བར་ཕྱོགས་སྒྱུར་དང་། ཟླ་འཁྲིས་ཚོད་འཛིན། ཟླ་སྐོར་འཕུར་སྐྱོད་བཅས་ཀྱི་འཛམ་གླིང་གི་སྲུང་སྐར་ཆུང་བ་ཐོག་མར་གྱུར་པ་དང་སྦྲགས། བར་སྣང་འཚོལ་ཞིབ་ཚད་ལེན་གྱི་མ་གནས་ཆུང་བའི་བྱེད་སྟངས་གསར་པ་ཞིག་ཀྱང་འཚོལ་ཞིབ་ཐུབ་པ་མཚོན་གྱི་ཡོད་པ་རེད།

    “ལུང་ཅང་ཨང་གཉིས་པ”རྟགས་ཅན་ནི2018ལོའི་ཟླ5ཚེས21ཉིན་ཟླ་བའི་ལྷ་མོ་ཨང་བཞི་པའི་ལས་འགན“སྐྱ་ཀའི་ཟམ་པ”རྟགས་ཅན་གྱི་ནང་སྲུང་སྐར་འཕེན་གཏོང་བྱས་པ་དང་། 2018ལོའི་ཟླ5ཚེས25ཉིན་གྱི་ཆུ་ཚོད22པར་བདེ་བླག་ངང་ཟླ་བ་སྐོར་བའི་བཤུལ་ལམ་དུ་བསྐྱོད་པ་རེད། སྲུང་སྐར་ཧྲིལ་པོའི་ལྗིད་ཚད་སྤྱི་རྒྱ47ཙམ་ཡིན་ལ་ཇུས་འགོད་བྱས་པའི་ཚེ་ཚད་ལོ་གཅིག་ཡིན་ཁར། དོན་དངོས་ཀྱི་འཕུར་སྐྱོད་ཉིན437ཡིན་པས་གཏན་ལ་ཁེལ་བའི་ལས་འགན་དང་དམིགས་ཚད་ལེགས་པར་གྲུབ་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།