ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་སྐུ་ཚབ་ཝང་ཏུང་མིང་མོ་ལི་ཐ་ཉི་ཡའི་ཙུང་ཐུང་ཅ་ཙུའུ་ཝ་ཉིའི་འགན་བཞེས་མཛད་སྒོར་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས1ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་སྐུ་ཚབ་བམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་ཟླ8ཚེས1ཉིན་མོ་ལི་ཐ་ཉི་ཡའི་རྒྱལ་ས་ནུའུ་ཝ་ཁེ་ཤའོ་ཐེ་རུ་མོ་ལི་ཐ་ཉི་ཡའི་གསར་དུ་བསྐོས་པའི་ཙུང་ཐུང་ཅ་ཙུའུ་ཝ་ཉིའི་འགན་བཞེས་ཀྱི་མཛད་སྒོར་ཞུགས་པ་དང་ཉིན་དེར་ཅ་ཙུའུ་ཝ་ཉི་དང་མཇལ་འཛོམས་གནང་བ་རེད། 

ཝང་ཏུང་མིང་གིས་ཅ་ཙུའུ་ཝ་ཉི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་དང་སྨོན་འདུན་བཟང་པོའི་ལན་སྐྱེལ་བ་དང་། ཝང་ཏུང་མིང་གིས་ཀྲུང་གོ་དང་མོ་ལི་ཐ་ཉི་ཡ་ནི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་མོ་ལི་ཐ་ཉི་ཡའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་གི་ལས་དབང་གཅིག་མཐུན་ཚོགས་པའི་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 

 ཅ་ཙུའུ་ཝ་ཉིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་མོ་ལི་ཐ་ཉི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁོང་མོ་ལི་ཐ་ཉི་ཡའི་ཙུང་ཐུང་གི་འགན་འཁུར་རྗེས་མུ་མཐུད་དུ་ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཧུར་ཐག་བྱེད་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།