ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཐོག་མའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས1ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅོ་ལྔ་བའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཐོག་མའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་བསྟན་དོན། ང་ཚོའི་ཏང་ནི་བརྒྱ་ལོའི་ཏང་ཆེན་ཡིན་པའི་ཆ་ནས་ཇི་ལྟར་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་སྐྱོབ་བྱེད་པ་དང་ལང་ཚོའི་གསོན་ཤུགས་ཉམས་པ་མེད་པར་བྱེད་པ་དང་། ཇི་ལྟར་ཡུན་རིང་ལ་མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཐོབ་པ། ཇི་ལྟར་ཡུན་རིང་སྲིད་སྐྱོང་མངོན་འགྱུར་བྱེད་པ་ནི་ང་ཚོས་ངེས་པར་དུ་ལན་བཟང་བོ་འདེབས་པ་དང་ཐག་གཅོད་བཟང་བོ་བྱེད་པའི་གཞི་རྩ་རང་བཞིན་གྱི་གནད་དོན་ཞིག་ཡིན། ང་ཚོ་ཏང་གིས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་དགོས་པའི་རེ་བ་བཏོན་པ་ནི་ཏང་ཡོངས་ཀྱི་བློ་མཐུན་ལ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཏང་གི་ངོ་བོའི་དམིགས་འབེན་དང་ཕུགས་འདུན་འདུ་ཤེས། འབད་འཐབ་དམིགས་འབེན་གྱི་གཅིག་བསྡུས་མཚོན་བྱེད་ཡིན་པ་གསལ་འདེབས་བྱས་པ་ཡིན་ལ། ཡུན་རིང་ལ་སྲིད་སྐྱོང་ན་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་ཉན་པ་དང་རང་ཉིད་གསར་བརྗེའི་སྙིང་སྟོབས་དེ་བས་ཀྱང་ཤོར་དུ་འཇུག་མི་ཉན། དུས་རབས་གསར་བར་ཏང་གི་རང་ཉིད་གསར་བརྗེ་གཏིང་ཟབ་ཏུ་སྤེལ་ཏེ། ཏང་ནི་ནམ་ཡང་དུས་རབས་ཀྱི་མདུན་གྲས་སུ་སྐྱོད་པ་དང་མི་དམངས་ཀྱིས་གོང་བཀུར་ཆེན་པོ་ཐོབ་པ། སྤོབས་པ་ཆེན་པོས་རང་ཉིད་གསར་བརྗེ་བྱེད་པ། ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ན། ངེས་པར་དུ་རང་ཉིད་གསར་བརྗེའི་སྙིང་སྟོབས་་སྔར་ལས་ཆེན་པོ་ཡོད་དགོས། རང་ཉིད་ལེགས་སྒྱུར་དང་རང་ཉིད་འཐུས་ཚང་དུ་གཏོང་བ་དང་། རང་ཉིད་སྒྱུར་བཅོས་བྱེད་པ། རང་ཉིད་མཐོར་འདེགས་སུ་གཏོང་བའི་ཐད་ལ་ཤུགས་བསྐྱེད་དགོས། ཏང་གི་རང་ཉིད་གསར་བརྗེ་ཡི་ལས་འགན་ལྕི་ཞིང་ཡུན་རིང་ལ་འཛིན་དགོས་པ་ལས་མཚམས་འཇོག་པའི་བསམ་ཚུལ་གཏན་ནས་ཡོད་མི་རུང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་གནད་འགག་ནི་གནད་དོན་ལ་མཐོང་ཆེན་བྱེད་པའི་རང་རྟོགས་དང་ནང་ཕྱོགས་ལ་ཀུ་ཡངས་མི་གཏོང་བའི་བློ་སྤོབས་ཡོད་དགོས་པ་དང་། ཏང་གི་རིམ་པ་སོ་སོའི་འགོ་ཁྲིད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་རག་ལས་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།