ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་དྲུག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་བསྟན་དོན། དམག་དོན་སྲིད་ཇུས་ལམ་ལུགས་ནི་ང་ཚོ་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་ལ། དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་བྱེད་པ་ནི་རང་རེའི་དམག་དཔུང་ལ་མཚོན་ན་ལམ་ལུགས་རང་བཞིན་གྱི་བསྐྱར་འཛུགས་ཐེངས་ཤིག་ཡིན་པ་དང་། དེ་ཏང་གིས་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འཛམ་གླིང་དུ་མིང་གྲགས་ཆེ་བའི་དམག་དཔུང་ཞིག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འབྲེལ་བ་ཡོད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབྲེལ་བ་ཡོད། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་ཁོངས་གཏོགས་གཅིག་སྡུད་བྱེད་པར་ཤུགས་སྣོན་ཞིང་གསར་སྐྲུན་བརྒལ་གཏོར་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། དམག་དཔུང་དང་ས་གནས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས་པར་མ་ཟད། བསམ་བློ་དང་བྱ་སྤྱོད་སྔར་ལས་གཅིག་གྱུར་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་བཅོས་སྒྱུར་སྟོབས་ལྡན་དམག་དཔུང་འཐབ་ཇུས་ལག་བསྟར་བྱས་ནས། དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔོན་ཏག་ཏག་ལ་བསྡུས་པ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་དང་གྲ་སྒྲིག་དམག་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

དམག་དོན་ཚན་རིག་གླིང་གི་ཞིབ་འཇུག་པ་བློ་མཐུན་ཐན་ཡ་ཏུང་གིས་དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་ཐད་འཆད་འགྲེལ་བྱས་པར་མ་ཟད་བསམ་འཆར་དང་བསམ་ཚུལ་བཏོན།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།