ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་ངང་ཅུང་བཟང་བའི་ལས་ཞུགས་རྒྱུན་སྲུང་བྱེད་པར་བཀོད་སྒྲིག་བྱས་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ་དང་ཚོང་རྫས་ཀྱི་འཛད་སྤྱོད་དང་རིག་གནས་གནས་སྐོར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཏན་ཁེལ་བྱས་ནས། ཆེས་མཐའ་མཇུག་གི་དགོས་མཁོའི་སྦས་ཤུགས་སྔོག་འདོན་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ནི། ད་ལོའི་ཆེ་ཕྱོགས་སྲིད་ཇུས་ཀྱི་ནང་དོན་གཙོ་བོའི་གྲས་ཀྱི་གཅིག་དང་། དམངས་ཚིས་ལེགས་བསྒྱུར་བྱེད་པའི་རྨང་གཞི་གལ་ཆེན་ཡིན། ལོ་སྟོད་ཀྱི་ལས་ཞུགས་གནས་བབ་བརྟན་བརླིང་ཡིན་པ་དང་། གྲོང་གསེབ་ཀྱི་གསར་སྣོན་ལས་ཞུགས་མི་གྲངས་ཐད་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་སུམ་ཆའི་གཉིས་ཡོངས་འགྲུབ་བྱས། མིག་སྔར་ད་དུང་ལས་ཞུགས་ཀྱི་གནོན་ཤུགས་ཅུང་ཆེན་པོ་ཡོད་ལ། གོ་རིམ་རྗེས་མར། གཅིག་ནས་སྔར་ལས་གཏན་འཇགས་འཕར་སྣོན་དང་ལས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་ལས་རྐང་རྒྱ་སྐྱེད་དགོས། གཉིས་ནས་ལས་ཞུགས་ཀྱི་འདེགས་སྐྱོར་བྱེད་ཐབས་ལག་བསྟར་བྱེད་དགོས། གསུམ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་སོགས་མི་ཚོགས་གཙོ་བོར་དམིགས་ནས་སྔར་ལས་ཁ་གཏད་རང་བཞིན་ཆེན་པོ་ལྡན་པའི་ལས་ཞུགས་ཞབས་ཞུ་ལག་བསྟར་བྱེད་པ་དང་། ལས་ཞུགས་བྱེད་དཀའ་བའི་མི་སྣར་ལས་ཞུགས་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ། ཧུར་ཐག་གིས་གྲུབ་ཚུལ་ལེགས་སྒྲིག་ཁྲོད་ལས་བཟོ་བའི་ལས་རྐང་བསྒྱུར་བ་ལས་ལས་རྐང་ལས་ཕྱིར་མི་འབུད་པར་བྱས་ཏེ། ཞིང་བ་ཞོར་ལས་པར་ལས་ཞུགས་ཀྱི་གོ་སྐབས་དང་ཆ་རྐྱེན་སྔར་ལས་མང་པོ་བསྐྲུན་དགོས། བཞི་ནས་ལས་ཞུགས་ཀྱི་ལས་རྣམ་གསར་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་བདེ་ཐང་དང་འཕེལ་རྒྱས་སུ་བཏང་ནས། ལས་ཞུགས་ཀྱི་འཕར་སྣོན་གནས་གསར་བ་སྐྱེད་སྲིང་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།