ཀྲུང་གོ་བོད་ཀྱི་དྲ་བ།

རི་ཁུལ་དུ་ཉོ་སྒྲུབ་བྱེད་པར་བསྐྱོད་ནས་མེའོ་རིགས་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7ཚེས27ཉིན། ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་པེ་ཆུས་ཁྲལ་དོན་ཅུས་ཀྱིས་ཁེ་ལས་དང་རི་ཁུག་གི་ཞིང་པ་དབུལ་པོའི་མཉམ་ལས་ཁང་དབར་འབྲེལ་ཟམ་བཙུགས་ཏེ་ཁོངས་གཏོགས་ཁུལ་གྱི་དུང་ཕྱེའི་ཁེ་ལས་མང་པོའི་འཐུས་མི་སྒྲིག་འཛུགས་བྱས་ནས་རོང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་ཀན་ཏུང་ཤང་དུ་བསྐྱོད་ནས་དུང་ཕྱེའི་མ་བཅོས་རྒྱུ་ཆ་མོག་རོ་ཁག་གཅིག་ཉོས་ཏེ་ཏ་མེའོ་རི་ཁུལ་གྱི་མང་ཚོགས་ཕྱིར་བསྐྱོད་མི་དགོས་པར་མོག་རོ་ཚོང་ཐུབ་པ་བྱས་ཡོད། མོག་རོ་ནི་ཀོང་ཤིས་ཀྱི་གྲགས་ཅན་བཟས་རིགས་ཙག་ཙིག་ལིའུ་ཀྲོའུ་དུང་ཕྱེའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་དང་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཐུམ་སྒྲིལ་བརྒྱབ་པའི་དུང་ཕྱེ་བཟོ་ལས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།