བློ་མཐུན་ལིས་ཕིན་གྱི་བེམ་པོ་པེ་ཅིན་ནས་སྦྱིན་སྲེག་བྱས་པ་དང་ཞི་ཅིན་ཕིང་སོགས་པ་པའོ་ཧྲན་གསར་བརྗེའི་སྤྱི་བའི་དུར་སར་ཕེབས་ནས་སྐྱེལ་མ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ།  ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་བ། སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ། སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ལིས་ཕིན་གྱི་བེམ་པོ་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་པེ་ཅིན་པ་པའོ་ཧྲན་གསར་བརྗེའི་སྤྱི་བའི་དུར་ས་ནས་སྦྱིན་སྲེག་བྱས།

1124812844_15644027208401n.jpg

ཟླ7པའི་ཚེས29ཉིན། བློ་མཐུན་ལིས་ཕིན་གྱི་བེན་པོ་པེ་ཅིན་པ་པའོ་ཧྲན་གསར་བརྗེའི་སྤྱི་བའི་དུར་ས་ནས་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་མིང་སོགས་པ་པའོ་ཧྲན་ཕེབས་ནས་སྐྱེལ་མ་གནང་བ། ཧུའུ་ཅིན་ཐའོ་ཡིས་ཕྱི་ཕྱོགས་ནས་འདས་མཆོད་མེ་ཏོག་ཕུལ་ནས་མྱ་ངན་ཞུས་པ་རེད། པར་འདི་ནི་ཞི་ཅིན་ཕིང་གིས་ལིས་ཕིན་གྱི་གཉེན་ཉེ་ལ་འཚམས་འདྲི་གནང་བཞིན་པའི་ཚུལ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།