ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ལིས་ཕིན་གྱི་བེམ་པོ་པེ་ཅིན་ནས་སྦྱིན་སྲེག་བྱས་པ་དང་གནམ་བདེ་སྒོ་མོ་ཆེ་སོགས་སུ་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་བ། སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་ཆད་ཀྱི་ཙུང་ལི། སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ལིས་ཕིན་གྱི་བེམ་པོ་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་སྦྱིན་སྲེག་བྱས།

བློ་མཐུན་ལིས་ཕིན་ལ་མྱ་ངན་ཞུ་ཆེད། ཚེས་ཉེར་དགུ་ཉིན་རྒྱལ་སའི་གནམ་བདེ་སྒོ་མོ་ཆེ་དང་ཞིན་ཧྭ་སྒོ་མོ་ཆེ། མི་དམངས་ཚོགས་ཁང་ཆེན་མོ། ཕྱི་འབྲེལ་པུའུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་དང་སྲིད་གཞུང་སྡོད་ས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ། ཨོ་མེན་དམིགས་བསལ་སྲིད་འཛིན་ས་ཁུལ། རྒྱལ་མཚམས་གྲུ་ཁ་སོ་སོ། ཕྱི་ཕྱོགས་མཁའ་སྐྱོད་གྲུ་ཁ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བཅས་སུ་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།