ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མེན་གྱིས་ཧྥ་རན་སི་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་ཧྲུའུ་ཅི་ལུའུ་སེ་ཨར་གྱིས་ཁྲིད་པའི་ཧྥ་རན་སི་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཧོང་ཁུན་མེན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་གསུམ་པར་ཧྥ་རན་སི་ལ་རྒྱལ་དོན་འཚམས་འདྲི་མཛད་དེ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོ་གུང་ཁྲན་ཏང་གིས་ཧྥ་རན་སི་གུང་ཁྲན་ཏང་བར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཕྱོགས་གཉིས་བར་གྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་བསྣན་ནས་ཏང་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ལུའུ་སེ་ཨར་གྱིས་བཤད་རྒྱུར། ཧྥ་རན་སི་གུང་ཁྲན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་རེ་སྒུག་བྱས་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།