ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གཉིས་ཀྱིས་མེ་གསོད་ཁྲིམས་འཛིན་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་མེ་གསོད་ཁྲིམས་འཛིན་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གཉིས་ཀྱིས་བསམ་འཆར་འགྲེམ་སྤེལ་བྱས་བར་མ་ཟད་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། མེ་གསོད་ཁྲིམས་འཛིན་བཅོས་སྒྱུར་བྱེད་སྐབས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མགོ་ཁོངས་ནས་བཅོས་སྐྱོང་བྱེད་དགོས་ལ། སྤྱི་ཚོགས་སྟེང་བཏོན་པའི་མེ་གསོད་ཁྲིམས་འཛིན་འབུར་ཐོན་གནད་དོན་གཙོར་བཟུང་སྟེ་མེ་གསོད་ལྟ་སྐུལ་དོ་དམ་བྱ་བར་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་པ་དང་མགོ་ཁོངས་ནས་མེ་གསོད་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཉེན་ཁ་འགོག་སེལ་དང་ཞི་འཇགས་སུ་གཏོང་དགོས། སྲིད་བསྡུ་དབང་གཏོང་དང་དམངས་བདེ་ལས་ཕན་བྱེད་པ་དང་ཚད་མཐོན་པོས་འཛིན་དཔང་ཁ་ཕྲལ་ལག་བསྟར་བྱེད་པ། དབང་གཏོང་དོ་དམ་མཉམ་འཛིན་དང་དོ་དམ་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱས་ནས། བཀོལ་འོས་པའི་དབང་ཆ་ཡོད་ཚད་ཚོང་རའི་ཕྱོགས་སུ་བཀོལ་བ་དང་། ཁྱབ་སྒྲོག་མངོན་གསལ་དང་ཚད་ལྡན་གོ་རིམ་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛིན་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་གོ་རིམ་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་རྣམ་པ་གསར་སྐྲུན་དང་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་བསྣན་ནས། དབང་ཆ་ལུགས་མཐུན་དང་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་དགོས་ཟེར།

བསམ་འཆར་ལས་ད་དུང་མེ་གསོད་ཁྲིམས་འཛིན་བཅོས་སྒྱུར་ཐད་ལ་ཕྱོགས་ལྔའི་ལས་འགན་གཙོ་བོ་བཅུ་གཉིས་བཏོན།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།