ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་སྟེ། ཁོ་ཚོར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པར་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། དཀའ་སྤྱད་འབད་བརྩོན་བྱས་ནས་རང་རྒྱལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྣམ་གཉིས་མཇལ་འཕྲད་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་། ཞི་ཅིན་ཕིང་སོགས་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བ་དང་འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། དེར་མཐུད་ནས་ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཐུག་འཕྲད་ལ་ཞུགས་པར་མ་ཟད་རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་གྲོས་ཚོགས་སྟེང་གཏམ་བཤད། ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དཔེ་ལེགས་ཅན་བཞི་བརྒྱད་དང་གཅིག་དང་རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་དཔེ་ལེགས་ལས་ཁུངས་གོ་གཅིག རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་དཔེ་ལེགས་མི་སྒེར་དོན་དྲུག་བཅས་ལ་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།